ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་སྤུས་ཚད་ལ་བརྟེན་ནས། གྲོང་ཁྱེར་སྟོབས་ཆེར་གཏོང་བའི་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུར་མོས་མཐུན་བྱེད་རྒྱུའི་སྐོར་གྱི་འཕྲིན་ཡིག་གཤམ་སྤེལ་བྱས་པ་དང༌། ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་གྲོང་ཁྱེར་ལ་དངོས་སུ་ཆོག་མཆན་ཐོབ་ནས། ད་ལྟ་རང་ལྗོངས་ཀྱི་ཆོག་མཆན་ཐོབ་པའི་གྲོང་ཁྱེར་གཅིག་པུ་དེར་གྱུར་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོ་དེ་ལ་སྐུལ་སློང་བཀོད་སྒྲིག་དང་གྲོང་ཁྱེར་རེ་ཞུ། ཐོག་མའི་དཔྱད་ཞིབ། འོས་སྦྱོར། ཆོག་འཐུས། བྱེད་སྒོ་སྤེལ་བ། ས་ཆ་དངོས་ཀྱི་ཞིབ་བཤེར་རྩིས་ལེན། ཡོངས་བསྒྲགས་བྱེད་པ་དང་བྱང་བུ་སྤྲོད་པ་བཅས་གོ་རིམ་བརྒྱད་ཡོད་པ་རེད། ལས་ཀའི་འཆར་གཞིར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ས་གཙང་ཐོན་ལས་དང་ཡུལ་སྐོར་ལས་རིགས་མཉམ་དུ་གོང་འཕེལ་གཏོང་རྒྱུ་དམ་འཛིན་བྱེད་ས་བྱེད་པ་དང་། འཛམ་གླིང་གི་ཡུལ་སྐོར་གཙོ་གནད་ཁུལ་གལ་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དང་དམ་པོར་བསྟུན་ནས། སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་ཏེ། གྲོང་ཁྱེར་གྱི་གནས་བབས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག དམངས་འཚོར་སྔར་བས་འགན་སྲུང་དང་ལེགས་བཅོས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད

 རྒྱལ་ཡོངས་ཀྱི་སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་བྱེད་སྒོ་དེ་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། དཔེ་སྟོན་གྲོང་ཁྱེར་གཏོད་པའི་དུས་ཡུན་ལོ་གཉིས་ཡིན། དཔེ་སྟོན་གྲོང་ཁྱེར་གཏོད་པའི་དུས་ཚོད་ཚང་ནས་ཞིབ་བཤེར་རྩིས་ལེན་བྱས་རྗེས། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་དངོས་སུ་མཚན་སྙན་སྤྲོད་ཀྱི་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།