ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང་ལྷ་ས་འགག་སྒོས་གཉེར་འགན་འཁུར་བའི་ལྷ་ས་འགག་སྒོའི་དཀའ་སྤྱད་འབད་འཐབ་དང་མཐུན་སྒྲིལ་འབད་འབུངས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཞེས་པའི་ཆེད་དོན་འགྲེམས་སྟོན་ཀྲུང་གོའི་འགག་སྒོའི་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་བ་རེད།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་དང་བཅས་པ་པེ་ཅིང་དུ་ཆེད་དོན་འགྲེམས་སྟོན་ལ་གཟིགས་པར་ཕེབས་པ་རེད།

ལྕགས་ར་བློ་བཟང་བསྟན་འཛིན་གྱིས་ལྷ་ས་འགག་སྒོའི་ལས་བྱེད་པ་རྒན་རབས་ཚོའི་དཀའ་ངལ་དང་། ཤི་རྒྱུར་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས་ནི་ང་ཚོས་ནམ་ཡང་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་པའི་བསམ་པའི་རྒྱུ་ནོར་ཞིག་དང་། ང་ཚོའི་བྱ་གཞག་གི་སྔར་སོང་རྗེས་མཐུད་བྱེད་པའི་སྒུལ་ཤུགས་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན་པས། ལྷ་ས་འགག་སྒོའི་ཉེན་རྟོག་པ་ཡོངས་ཀྱིས་འགག་སྒོའི་ལས་བྱེད་པ་རྒན་རབས་ཚོ་མིག་དཔེ་བྱས་ཏེ། མཐའ་མཚམས་ལ་གཞིས་ཚུགས་ནས་རྒྱལ་ཁབ་ཀྱི་འགག་སྒོ་ཡག་པོ་སྲུང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་ཀྱི་རེད་ཅེས་གསུངས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།