མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་ཕྱུགས་ལས་འཛུགས་སྐྲུན་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-29 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་དང་དངུལ་གཏོང་བྱ་བ་ནན་གྱིས་འཛིན་པའི་འདུ་ཤེས་ཟབ་མོ་བཅངས་ཏེ། ཐོག་མཐའ་བར་གསུམ་དུ་ཞིང་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གཙོ་བོ་རུ་བཟུང་བས། གྲོང་ཁྱེར་ཡོངས་ཀྱི་ཞིང་ཕྱུགས་ལས་འཛུགས་སྐྲུན་བྱ་བ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད་དེ། གྲུབ་འབྲས་ཀྱང་མངོན་གསལ་བླངས་ཡོད་པ་རེད།

བསྡོམས་རྩིས་གཞི་གྲངས་ལྟར་ན། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱི2014ལོའི་གསར་འཛུགས་དང་བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁྲོད། ནས་ཐོན་སྐྱེད་རྟེན་གཞི་དང་། ཞིང་ཕྱུགས་ལས་ཁྱད་ལྡན་ཐོན་ལས། ཕྱུགས་བསྐྱུར་རྩྭ་གསོ། ཞིང་སྡེའི་རྫབ་རླངས་འཛུགས་སྐྲུན། འབྲོག་པའི་གཏན་སྡོད་ལས་གཞི་སོགས་བསྡོམས་པས་རིགས13དང་རྣམ་གྲངས104འདུས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.75བཏང་ཡོད་པ་རེད།

གཞིས་ཀ་རྩེ་གྲོང་ཁྱེར་ཞིང་ཕྱུགས་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཞིང་ཕྱུགས་ལས་འཛུགས་སྐྲུན་རྣམ་གྲངས་རིགས21དང་རྣམ་གྲངས420དངོས་འབེབ་བྱས་ཤིང་། རྣམ་གྲངས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར19.63བཏང་ཡོད། དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར15.51བཏང་། མིག་སྔར། ལོ་ལྔའི་འཆར་གཞི་བཅུ་གཉིས་པར་ཆོག་མཆན་གནང་སྟེ་མ་དངུལ་བཏང་ཡོད་པའི་རྣམ་གྲངས315འཛུགས་སྐྲུན་ལེགས་གྲུབ་བྱུང་ཞིང་། སྤྱིའི་རྣམ་གྲངས་ཀྱི75%ཟིན། དེའི་ཁྲོད་ལེགས་འགྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་ཐོབ་པའི་རྣམ་གྲངས181ཡོད། དེ་མིན་དེང་རབས་ཞིང་ལས་ནས་ཐོན་སྐྱེད་རྟེན་གཞི་དང་། མཐོ་གྲང་འབྲོག་ཁུལ་གྱི་ཕྱུགས་ར་འཛུགས་སྐྲུན། མིའི་ཐེབས་ཀྱིས་རྩྭ་འདེབས་པ། ཞིང་ཕྱུགས་ལས་ཁྱད་ལྡན་ཐོན་ལས། ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སོགས་རྣམ་གྲངས་ཀྱི་འཛུགས་སྐྲུན་སྤུས་ཚད་དང་། ཕན་ནུས་འདོན་ཚུལ། དུས་མཇུག་གི་འཁོར་སྐྱོད་དོ་དམ། རོང་འབྲོག་པའི་མཉམ་ལས་ཁང་ལ་སྣེ་ཁྲིད་བྱེད་ཚུལ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་ལ་ཕན་ནུས་གང་ལེགས་བཏོན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག