མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་ཁྲལ་སྡུད་ཡོང་སྒོ་སྒོར་དུང་ཕྱུར171ལྷག་ལེགས་འགྲུབ་འབྱུང་རྩིས་ཡོད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2014-12-29 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཀྱི་རྒྱལ་ཁབ་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ་བོད་ལྗོངས་རྒྱལ་ཁབ་ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་སྡུད་བྱ་བར་དབྱེ་ཞིབ་ནན་མོ་བྱས་ཏེ། ཁྲལ་སྡུད་ཉེན་ཁ་སྔོན་འགོག་དང་། ཁྲལ་སྡུད་དོ་དམ་བྱ་བར་ཤུགས་བསྣན་ནས། ཁྲལ་སྡུད་བྱ་བ་བརྟན་རླིང་ངང་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བྱས། ད་ལོའི་ཟླ1པོ་ནས་ཟླ11པའི་བར། བོད་ལྗོངས་ཡོངས་ཀྱིས་དཔྱ་ཁྲལ་རིགས་སོ་སོ་སྒོར་དུང་ཕྱུར161.98སྡུད་བར་རྩ་འཛུགས་བྱས་ཤིང་། དུས་མཉམ་ལས21%འཕར་ཏེ། ཡོང་སྒོ་སྒོར་དུང་ཕྱུར30.23འཕར་སྣོན་བྱུང་། ལོ་ཧྲིལ་བོར་དཔྱ་ཁྲལ་རིགས་སོ་སོའི་ཡོང་སྒོ་སྒོར་དུང་ཕྱུར171.03ལེགས་འགྲུབ་འབྱུང་རྩིས་ཡོད་པ་དང་། ཡོང་སྒོ་སྒོར་དུང་ཕྱུར23.16འཕར་སྣོན་བྱུང་ཡོད་དེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བརྟན་རླིང་ཡོང་བར་རྒྱུ་ནོར་ཐད་ནས་འགན་སྲུང་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག