མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོར་བོད་ལྗོངས་ཀྱིས་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར48.58བཏང་།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-29 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། བོད་ལྗོངས་ཀྱིས་སྔར་ལས་ལྷག་པར་སྡོད་ཁང་འགན་སྲུང་སྲིད་ཇུས་ཇེ་ལེགས་སུ་བཏང་སྟེ། འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་པས། ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར། བོད་ལྗོངས་ཀྱིས་འགན་སྲུང་སྡོད་ཁང་ཁྲི7.19འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར48.58བཏང་། དེའི་ཁྲོད་འཁོར་རྒྱུག་སྡོད་ཁང་ཁྲི0.51གསར་འཛུགས་བྱེད་རྒྱུ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར9.54བཏང་། སྤྱི་བའི་གླ་ཁང་ཁྲི1.1གསར་འཛུགས་བྱེད་རྒྱུ་དང་། སྤྱི་བའི་གླ་ཁང་ཁྲི0.8ཞིག་གསོ་བྱེད་རྒྱུ་ཡིན་པས། སྤྱིའི་མ་དངུལ་སྒོར་དུང་ཕྱུར19.58བཏང་། སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི4.78བསྒྱུར་བཀོད་བྱེད་རྒྱུ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར19.46བཅས་བཏང་ཡོད། རྣམ་གྲངས་འདི་དག་ཡོངས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་དེ། མིག་སྔར་རྣམ་གྲངས་ལག་བསྟར་བྱེད་ཚད81%ཡན་ཟིན་ཡོད་དེ། ཕྱི་ལོའི་ལོ་སྟོད་དུ་རྣམ་གྲངས་ཡོངས་རྫོགས་ལེགས་འགྲུབ་འབྱུང་སྟེ་བེད་སྤྱོད་བྱེད་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག ད་ལོར་གླ་གཏོང་ཁ་གསབ་མ་དངུལ་སྒོར་ཁྲི4750.19རྩིས་སྤྲོད་བྱས་ཤིང་། ཁྱིམ་ཚང་ཁྲི1ལྷག་གི་མི་ཁྲི1.5ལྷག་ལ་འབྲེལ་བ་ཡོད་པ་རེད། 

གསར་འགོད་པས་ད་དུང་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ནུས་བ་སྤེལ་འདོན་གང་ལེགས་བྱས་ཏེ། མིག་སྔའི་བར་དུ། ལྗོངས་ཡོངས་སུ་མི་ཁྲི21.2ལ་སྡོད་ཁང་སྤྱི་གསོག་མ་དངུལ་འཛུགས་སྐྲུན་བྱས་ཡོད་དེ། བསྡོམས་པས་སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་དུང་ཕྱུར195.8གཅིག་སྡུད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག