མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁའི་ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་ཀྱིས་དངུལ་ལེན་གྲངས་སྒོར་ཁྲི200ལས་བརྒལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-12-28 10:46

འདི་ནི་ཞིང་འབྲོག་ཁུལ་ནས་ཡིན་པའི་ཚོང་པས་ཁྱད་ལྡན་ཐོན་རྫས་འཁྱེར་ནས་ཁྲོམ་རར་ཞུགས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོར་མི་དམངས་དངུལ་ཁང་ལྷོ་ཁ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ས་ཁུལ་ཞིང་ལས་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་ཁུལ་གྱི་གཏོང་སྤྲོད་ཞབས་ཞུའི་ཁོར་ཡུག་གི་འཛུགས་སྐྲུན་ལས་དོན་ཏན་ཏིག་སྤེལ་བ་རེད། 2013ལོའི་ལོ་མཇུག་ནས་བཟུང་ཁོངས་གཏོགས་ནང་གི་ཤང་གྲོང་21གི་སྟོང་ཆ་གསབ་རྗེས་2014ལོར་ལྷོ་ཁས་དངུལ་རྩ་མེད་པའི་སྲིད་འཛིན་གྲོང་ཚོ་མེད་པ་བཟོ་རྒྱུ་དམིགས་ཡུལ་དུ་བྱས་ནས་ཞིང་སྐྱོར་དངུལ་ལེན་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་།ཟླ་10པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་ཞིང་སྐྱོར་དངུལ་ལེན་ས་ཚིགས་307བཙུགས་པའི་ནང་ཤང་གྲོང་དུ་11དང་སྲིད་འཛིན་གྲོང་ཚོར་296ཡོད་པའི་ནང་དངུལ་རྩ་མེད་པའི་སྲིད་འཛིན་གྲོང་ཚོར་206བཙུགས་ཡོད།ཞིང་འབྲོག་མང་ཚོགས་ཀྱིས་ཞིང་སྐྱོར་དངུལ་ལེན་ས་ཚིགས་བརྒྱུད་བློ་འདྲི་ཐེངས་2071དང་རྩིས་ཐོ་ཐེངས་868སྤོ་བ་དེའི་དངུལ་འབོར་སྒོར་ཁྲི་148.94ཟིན་པ་དང་ཞིང་སྐྱོར་ཞབས་ཞུའི་ས་ཚིགས་ནས་དངུལ་ཐེངས་3820བླངས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་བསྐྲུན་པས་ལྷོ་ཁའི་ཐག་རིང་ཞིང་འབྲོག་མང་ཚོགས་ཀྱིས་གཞི་རྩའི་དངུལ་རྩ་གཏོང་སྤྲོད་ཞབས་ཞུ་ལོངས་སྤྱོད་བྱེད་པའི་གཞི་བརྟེན་ནུས་ལྡན་དུ་རིམ་བཞིན་འགྱུར་ནས་ཞིང་འབྲོག་མང་ཚོགས་ཚོས་ཀུན་ཕན་དངུལ་རྩའི་ཕན་བདེ་དངོས་འབྲེལ་སྤྱོད་ཀྱི་ཡོད།  ། 

 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག