མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱིས་དབང་པོ་སྐྱོན་ཅན་ཞབས་ཞུའི་ལྟེ་གནས་8གསར་དུ་བསྐྲུན་རྒྱུ་ཡིན་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-06 11:03

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་བོད་ཀྱིས་དབང་པོ་སྐྱོན་ཅན་གྱི་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་དང་།དབང་པོ་སྐྱོན་ཅན་གྱི་ན་ཚ་དྲག་སྐྱེད་དང་།ལས་ཞུགས།གཉོར་སྐྱོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་བཏང་བ་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་གྱིས་སྤྱི་ཚོགས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱས་ཤིང་།2014ལོར་བོད་ཀྱིས་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར་1.02བརྩོན་ལེན་བྱས་ཏེ་དབང་པོ་སྐྱོན་ཅན་ཞབས་ཞུའི་ལྟེ་གནས་8གསར་དུ་བསྐྲུན་རྒྱུ་ཡིན་པ་རེད།

    རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་འཚོ་ཚིས་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་དབང་པོ་སྐྱོན་ཅན་སྔར་བས་མང་བ་ལས་ཞུགས་ཐུབ་པ་དང་།ལས་ཞུགས་བརྟན་པོ།ཡོང་འབབ་འཕར་བ།འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་བ་བཅས་བྱ་ཆེད་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ཞབས་ཞུའི་ལྟེ་གནས་ཀྱིས་ལོ་གཉིས་དང་ཕྱེད་ཀའི་རིང་བརྟག་ཞིབ་ཟབ་མོ་བྱས་པ་དང་།བོད་ཀྱི་དབང་པོ་སྐྱོན་ཅན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་དུས་ཚོད་ཐུང་བ་དང་།གོ་ཆོད་མྱུར་བ།ཕན་འབྲས་ལེགས་པ་བཅས་ཀྱི་གསོ་སྦྱོང་ལས་ཞུགས་ལས་གཏོད་བྱེད་སྟངས་ལྟར་འདི་ལོའི་ཟླ་10ནས་བཟུང་ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་100ལ་བཟོ་རྩལ་དཔར་བཟོའི་ལས་ཞུགས་ཐད་ཀྱི་རྒྱབ་སྐྱོར་བྱས་ཏེ་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི་18.975ཟིན་པ་རེད།རྒྱབ་སྐྱོར་ཐོབ་མཁན་དབང་པོ་སྐྱོན་ཅན་རེར་སྒོར་1900རི་བའི་ལས་གཏོད་རྒྱབ་སྐྱོར་གྱི་སྒྲིག་ཆས་དང་དུས་འགོའི་ཐོན་སྐྱེད་འགོ་འཛུགས་ཀྱི་མ་བཅོས་རྒྱུ་ཆ་སྤྲོད་རྒྱུ་མ་ཟད།སྔོན་དཔག་ལྟར་ན་རྒྱབ་སྐྱོར་ཐོབ་མཁན་གྱི་ལོའི་ཡོང་འབབ་སྒོར་3000ནས་4000བར་མང་དུ་འགྲོ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ཞབས་ཞུའི་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ད་ལྟའི་བར་ཞབས་ཞུའི་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་སློབ་མ་197གསོ་སྦྱོང་བྱས་པའི་ནང་པར་འདེབས་མཁན་100དང་།ཁ་བཏགས་འཐག་མཁན་18 ཁ་གདན་འཐག་མཁན་9འཚེམ་དྲུབ་རྒྱག་མཁན་2 འཚེམ་བཟོ་བ་33 སྨན་བཅོས་བསྐུ་མཉེ་བ་9 ལོང་བའི་བདེ་སྲུང་བསྐུ་མཉེ་བ་16 ལྷ་འབྲི་བ་10བཅས་ཚུད་ཡོད།འདི་ལོའི་ཞབས་ཞུའི་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་མི་ཐེངས་182ལ་ལས་རིགས་མཛུབ་ཁྲིད་བྱས་པ་དང་མི་ཐེངས་112ལ་ལས་རིགས་ངོ་སྤྲོད་བྱས་པ།མི་སྤྱོད་ཚན་པས་མི་57བསྡུས་པ།དབང་པོ་སྐྱོན་ཅན་ལ་རྒྱབ་སྐྱོར་བྱས་ནས་རང་བརྟེན་ལས་གཏོད་བྱེད་མཁན་120བྱུང་ནས་ཁྱོན་མི་177ལས་ཞུགས་ཐུབ་ཅིང་།དབང་པོ་སྐྱོན་ཅན་ལས་བཟོའི་ཟླ་ཕོགས་མཐོ་ཤོས་སྒོར་5000ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག