མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་དང་པོ་ནས་གསུམ་པ་བར་ལྗོངས་ཡོངས་ཀྱི་ཁྲོམ་ར་ཁག་གི་ཚོང་དུད་གཙོ་བོ་ཁྲི་14.52ཟིན་པ།

ཐོ་འགོད་མ་རྩ་བསྡོམས་སྒོར་དུང་ཕྱུར་1600ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-12-06 11:03

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ལོའི་ཟླ་3ཚེས་10ཉིན་ནས་རང་ལྗོངས་ཀྱི་བཟོ་ཚོང་ཐོ་འགོད་ལམ་ལུགས་ལ་ཁྱོན་ཡོངས་ནས་སྒྱུར་བཅོས་བྱེད་འགོ་བཙུགས་ཚུན་ཁྲོམ་ར་སྣ་ཚོགས་ཀྱི་ཚོང་དུད་གཙོ་བོའི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་།ཟླ་བ་དགུ་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཁྲོམ་ར་ཁག་གི་ཚོང་དུད་གཙོ་བོ་ཁྲི་14.52ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.92%འཕར་བ་དང་།ཐོ་འགོད་མ་རྩ་སྒོར་དུང་ཕྱུར་1600ལས་བརྒལ་ནས་སྒོར་དུང་ཕྱུར་1668.64ཟིན་པ་དེ་2013ལོའི་དུས་མཚུངས་ལས་སྒོར་དུང་ཕྱུར་469.30མང་དུ་སོང་བ་དང་ལོ་གོང་མའི་དུས་མཚུངས་ལས་39.12%འཕར་ཡོད་པ་རེད།

    རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ལི་ཡིང་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།ཐོན་ལས་གཞིར་བཟུང་དབྱེ་འབྱེད་བྱས་ན་རང་ལྗོངས་ཀྱི་ཐོན་ལས་དང་པོའི་ཚོང་དུད་ཁྲི་0.47ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་31.66%འཕར་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.51འཕར་ནས་འཕེལ་ཕྱོགས་བཟང་པོ་ཞིག་ཐོན་པ་དང་།ཐོན་ལས་གཉིས་པའི་ཚོང་དུད་ཁྲི་1.06ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་15.50%འཕར་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.29འཕར་བ།ཐོན་ལས་གསུམ་པའི་ཚོང་དུད་ཁྲི་12.99ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་9.93%འཕར་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.80ཆག་ཡོད།རང་ལྗོངས་ཀྱི་བཟོ་ཚོང་ཐོ་འགོད་ལམ་ལུགས་ལ་སྒྱུར་བཅོས་བྱས་པའི་ཕན་འབྲས་རགས་ཙམ་ཐོན་པ་དང་།ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱུང་བ།ཁེ་ལས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོ་ཆེ་རུ་སོང་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་ཟླ་བ་བདུན་པ་ནས་དགུ་པ་བར་ཐོ་འགོད་བྱས་ཚུལ་ལ་གཞིགས་ན།སྒེར་གཉེར་ཁེ་ལས་ཀྱིས་བསྡུར་ཚད་མང་ཙམ་བཟུང་བ་དང་ཁེ་ལས་ཀྱི་ཚོང་དུད་བསྡོམས་གྲངས་ཀྱི་92.82%བཟུང་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པའི་ཐོག་ནས་མངོན་པར།སྒེར་གཉེར་ཁེ་ལས་དེ་ཉིད་དཔལ་འབྱོར་གནས་བབ་ལ་གཙོ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཏུ་སྔ་ས་ནས་གྱུར་པ་དང་།སྒེར་གཉེར་ཁེ་ལས་ཀྱི་ཐོ་འགོད་མ་རྩའི་གཞི་ཁྱོན་ཁྲོམ་ར་སྣ་ཚོགས་ཀྱི་ཚོང་དུད་གཙོ་བོའི་ནང་མངོན་ཆེ་ཤོས་ཡིན་པ་དང་གསར་དུ་འཕེལ་རྒྱས་བྱུང་བའི་ཁེ་ལས་ཐོན་ལས་དང་པོ་དང་།གཉིས་པ།གསུམ་པ་བཅས་ནང་མང་དུ་འགྲོ་བའི་རྣམ་པ་ཞིག་ཐོན་ཞིང་།ཐོན་ལས་དང་པོའི་འཕར་ཚད་མཐོ་ཤོས་ཡིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་192.85%འཕར་བ་དང་།ཐོན་ལས་གསུམ་པ་ལོ་གོང་མའི་དུས་མཚུངས་ལས་179.81%འཕར་བ།དེའི་ནང་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་དང་ཆ་འཕྲིན་བརྒྱུད་གཏོང་ལས་རིགས་ལོ་གོང་མའི་དུས་མཚུངས་ལས་ཁག་སོ་སོར་183%དང་270.58%འཕར་བ།སྒེར་གཉེར་ཁེ་ལས་ཀྱིས་རང་ལྗོངས་ཀྱི་ཁེ་ལས་ཀྱི་གཙོ་ཁྲིད་གནས་བབ་སྔར་བཞིན་བརྟན་པོར་བཟུང་བ་དང་གཞི་ཁྱོན་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་གི་ཡོད་པ་རེད།

    རང་ལྗོངས་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱིས་ཁྲོམ་རའི་ཚོང་དུད་གཙོ་བོ་གནས་ཡུལ་ཐོ་འགོད་ཆ་རྐྱེན་ལྷུག་ཏུ་གཏོང་བ་ལ་སོགས་པའི་སྒྱུར་བཅོས་རབ་དང་རིམ་པ་བྱས་ནས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་།ཟླ་དགུ་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དུད་ཚང་ཁྲི་13.90ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11.19%འཕར་བ་དང་།ཐོ་འགོད་མ་རྩ་སྒོར་དུང་ཕྱུར་991.10ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་56.38%འཕར་བ།སྤྱི་ཚོགས་ཐོག་གི་མི་ཁྲི་70.37ལས་ཞུགས་བསྡུ་ལེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་15.96%འཕར་ཡོད།མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དུད་ཚང་གིས་ལྗོངས་ཡོངས་ཀྱི་ཁྲོམ་རའི་ཚོང་དུད་གཙོ་བོའི་95.72%བཟུང་བ་དང་།ཐོ་འགོད་མ་རྩས་ལྗོངས་ཡོངས་ཀྱི་ཁྲོམ་རའི་ཚོང་དུད་གཙོ་བོའི་59.40%བཟུང་བ།སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བསྡོམས་གྲངས་བརྟན་པོའི་སྒོ་ནས་འཕར་བ་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་གི་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག