མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚར་སྡུག་ལྡན་པའི་འཛུམ་མདངས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-12-06 11:03

    ཉེ་བའི་ལོ་ཤས་ནང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད། བོད་ཀྱི་ལོང་བ་དང་། འོན་ལྐུགས། ཤེས་སྒྲིབ་ཀྱི་ནད་ཅུང་ཟད་ཕོག་པ་བཅས་ཀྱི་དབང་པོ་སྐྱོན་ཅན་སློབ་མ་དེ་དག་སློབ་གསོ་གཏོང་ཡུལ་གཙོ་བོར་བྱེད་པའི་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་དེ་བཙུགས་ནས་ལོ་13སོང་ཚུན་ཐོག་མའི་དགེ་རྒན་དང་ལས་བཟོ་བཅུ་ལྷག་ཙམ་ནས་མིག་སྔའི་60ལྷག་ཙམ་བར་གཞི་ཁྱོན་ཆེ་རུ་ཕྱིན་ཏེ་སློབ་ཁྲིད་ཀྱི་དགོས་མཁོ་གང་ལེགས་སྐོང་ཐུབ་ཡོད། མིག་སྔར་སློབ་གྲྭ་དེས་སློབ་མ་100ལ་རྩལ་ནུས་གསོ་སྦྱོང་བྱས་པའི་ནང་སློབ་མ་51དཔྱད་ཞིབ་བདེ་བླག་བྱུང་ནས་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་རག་ཡོད་ཅིང་། འདི་ནི“རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ”ཐེངས་22པ་སླེབས་ལ་ཉེ་བའི་སྐབས་སུ་བྱིས་པ་ཚོས་དགའ་ཚོར་ཆེན་པོའི་ངང་རྣམ་འགྱུར་འདྲ་མིན་སྣ་ཚོགས་སྟོན་པའི་གནས་ཚུལ་ཡིན་པ།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག