མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་འཆར་འགོད་འགྲེམས་བསྒྲགས་ལག་ལེན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-12-06 11:03

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ཆེད་དོན་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད་རང་ལྗོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་འཆར་འགོད(2014ལོ་ནས་2020ལོ་བར)དངོས་སུ་འགྲེམས་བསྒྲགས་ལག་བསྟར་བྱས་ཡོད་པ་དང་དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རང་ལྗོངས་ཀྱིས་འགྲེམས་བསྒྲགས་ལག་བསྟར་བྱས་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་འཆར་གཞི་དང་པོ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།འཆར་འགོད་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་བཅའ་ཁྲིམས》དང《རྒྱལ་ཁབ་ཀྱི་དུས་འབྲིང་རིང་གི་སྲོག་ཆགས་རིམས་ནད་འགོག་བཅོས་འཆར་གཞི(2014ལོ་ནས་2020ལོ་བར)》ལྟར་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དང་།དུས་འགོའི་བརྟག་ཞིབ་དང་།རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ།འབྲེལ་ཡོད་སྡེ་ཚན་དང་ཚན་པའི་བསམ་འཆར་བསྡུ་ལེན།བཟོ་བཅོས་དང་འཐུས་ཚང་བཅས་བྱས་པ་དང་དུས་ཡུན་ལོ་གཉིས་ལྷག་ཙམ་ནང་རྩོམ་བཟོ་ལེགས་གྲུབ་ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག