མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་ཐོག་བློ་མཐུན་ལེའང་ཐེན་ཀེང་གི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-12-06 11:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་པར་སྐྲུན་བྱས་པའི་འདི་ལོའི《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་ཐེངས་12པའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེའང་ཐེན་ཀེང་གི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག《ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་སྒྲུབ་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས》ཞེས་པ་སྤེལ་རྒྱུ་ཡིན་པ་རེད།

    རྩོམ་ཡིག་དེ་ཁག་བཞི་ལ་དབྱེ་ཡོད་པ་སྟེ།གཅིགཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བསམ་བློའི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་རྒྱུ་དང་།གཉིས།ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་དཔོན་པོ་གཅུན་འདོམས་ཡག་པོ་བྱས་ཏེ་ལས་བྱེད་པ་ཡག་པོ་འདེམས་པ་དང་དོ་དམ་ཡག་པོ་མཐའ་འཁྱོངས་བྱ་རྒྱུ།གསུམ།ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་སྟོབས་ཤུགས་གཅིག་ཏུ་འགྲིལ་ཏེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ།བཞི།ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་ལས་དོན་སྒྲིག་འཛུགས་ཁོངས་གཏོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།

    རྩོམ་ཡིག་ནང་བསྟན་དོན།ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་བོད་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།རྩ་འཛུགས་སྡེ་ཚན་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་ནུས་སྡེ་ཚན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཏང་ནན་སྐྱོང་ལག་བསྟར་གྱི་བསམ་བློར་བརྟེན་ནས་མདུན་གྲལ་དུ་བསྐྱོད་དེ་མིག་དཔེ་སྟོན་པ་དང་རང་འགན་གཙང་སྒྲུབ་ཀྱི་བློ་སྟོབས་དང་།གཏིང་ཤུགས།སྲོལ་བཟང་བཅས་ཆེ་རུ་བཏང་སྟེ་ཏང་ཨུད་ཀྱིས་གནང་བའི་དམིགས་བསལ་འགན་འཁྲི་ཏན་ཏིག་ངང་ཁུར་ནས་སྲིད་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན།བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་པས་ཏང་ནན་སྐྱོང་མཐའ་འཁྱོངས་བྱ་རྒྱུ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་མ་ཟད་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཁག་ཁྱོན་ཡོངས་ནས་ལག་བསྟར་དང་སྲིད་སྐྱོང་གནས་བབ་སྔར་བས་བརྟན་དུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ་ཞིག་རེད།ང་ཚོས་ངེས་པར་དུ་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་ཏང་ནན་སྐྱོང་གི་བླང་བྱ་དེ་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་ནན་པོ་དང་།སྒྲིག་སྲོལ་ནན་པོ།སྤྱོད་ཚུལ་ནན་པོ་བཅས་ཆགས་པ་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྔར་བས་རྒྱུན་འཁྱོངས་ཡག་པོ་བྱས་ཏེ་ཏང་གིས་བོད་ལ་སྲིད་སྐྱོང་བའི་གནས་བབ་ཟམ་མི་ཆད་པར་སྲ་བརྟན་དང་བོད་ལ་སྲིད་སྐྱོང་བའི་ཏང་གི་རྨང་གཞི་བརྟན་དུ་གཏོང་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན།གཞི་རིམ་རྩ་འཛུགས་མ་ལག་སྟོབས་ཆེན་ལྡན་པར་བྱ་རྒྱུ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གང་རུང་ཞིག་དང་དབྱེ་བ་འབྱེད་པའི་ལེགས་ཆ་མངོན་གསལ་དོད་ཤོས་དེ་རེད།ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པར་ངེས་པར་དུ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ལྷོད་མེད་བྱས་ནས་སེམས་ནུས་སྔར་བས་ཆེ་བ་འདོན་དགོས།རྩ་འཛུགས་སྡེ་ཚན་གྱིས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་འགན་འཁྲི་ཏན་ཏིག་ངང་ཁུར་ཏེ་ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་གི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་།རྩ་འཛུགས་དོ་དམ་ནན་པོ་དང་།དཔུང་ཁག་དམ་འཛིན་ནན་པོ།ལམ་སྲོལ་ནན་པོ་འཛུགས་པ་བཅས་མཐའ་འཁྱོངས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཚང་མ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་དགོས།

    རྩོམ་ཡིག་ནང་བསྟན་དོན།ཏང་ནན་སྐྱོང་ཐད་རྩ་འཛུགས་སྡེ་ཚན་ལ་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད།རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་ངེས་པར་དུ་ཏང་ལ་དགའ་ཞེན་དང་།ཏང་ལ་སེམས་ཁྲལ།ཏང་དར་རྒྱས།ཏང་སྲུང་སྐྱོབ་བཅས་ཀྱི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་དང་ཕུགས་བསམ་གྱི་དད་སེམས་བརྟན་དུ་བཏང་ནས་ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པ་ལས་ཧ་རེ་ཧུ་རེ་མི་བྱེད་པ་དང་།འགན་འཁྲི་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་གཙང་སྒྲུབ་ཐད་ལྷོད་གཡེང་སྤུ་ཙམ་མི་གཏོང་བ།དུས་དང་རྣམ་པ་ཀུན་ཏུ་རང་འདོམས་ཉེན་བརྡ་བཏང་ནས་གཞུང་དྲང་ནན་པོ་བྱེད་པ་ལས་འདོད་ཁྱེར་མི་བྱེད་པ།“ནན་པོ་གསུམ་དང་ཏན་ཏིག་གསུམ”གྱི་བླང་བྱ་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་།གཞུང་དྲང་ལ་མཐོང་ཆེན།ལས་སྒོ་བྱང་ཆུབ་པ།སྤྱོད་ཚུལ་ལེགས་པ་བཅས་བྱེད་ཐུབ་པ་བྱས་ཏེ་བཅའ་ཁྲིམས་ལ་བརྩི་སྲུང་དང་།སྒྲིག་སྲོལ་སྲུང་བ།སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཐོག་ནས་ཏང་ནན་སྐྱོང་གི་མིག་དཔེ་དང་དཔེ་སྟོན་བྱེད་དགོས།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག