མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-05 11:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྒྲིག་ལམ་བརྩི་སྲུང་བྱས་ཏེ་ཕྱི་རོལ་དུ་བསྐྱོད་པའི་སྤྱོད་བཟང་དར་སྤེལ་གཏོང་ཆེད།“ ཟླ12པའི་ཚེས2ཉིན་གྱི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོར”། ཉིང་ཁྲི་ས་ཁུལ་གྱིས་བརྒྱད་གཅིག་གྲོང་རྡལ་གྱི་ཞ་མིན་ཐང་ཆེན་དུ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་ནག་པང་འགྲེམ་སྟོན་བྱེད་པ་དང་། འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་ཡིག་ཆ་བཀྲམ་ཏེ། འགྲིམ་འགྲུལ་སྒྲིག་སྲོལ་དྲིལ་བསྒྲགས་བྱས།

བྱ་འགུལ་ཁྲོད་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣས་མང་ཚོགས་ལ《འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱའི》དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱས་ཏེ། རྒྱུས་ལོན་དང་འདྲི་རྟོག་བྱེད་དུ་ཡོང་བའི་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་གསལ་བཤད་བྱས་བ་མ་ཟད། ལས་བྱེད་མི་སྣས་སློབ་མ་བཅས་ལ་དཔེ་ཁུག་དང་། བདེ་འཇགས་ཞྭ་མོ་སོགས་གནང་སྟེ། འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་བྱས་ཏེ་ཕྱི་རོལ་དུ་བསྐྱོད་པའི་སྤྱོད་བཟང་དར་སྤེལ་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག