ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི2014ལོའི་དར་མའི་མཐོ་རིམ་སློབ་གྲྭས་དྲ་ཐོག་ནས་སློབ་མ་བསྡུ་ལེན་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་དེ། ཆེད་སྤྱོང་ནས་དངོས་གཞི་རིམ་པར་འཕར་བའི་སྐོར་ཐེངས་ཀྱི་སློབ་མ་བསྡུ་ལེན་བྱེད་པའི་བྱ་བ་ཟླ12པའི་ཚེས3ཉིན་མཇུག་རྫོགས་ཤིང་། ཟླ12པའི་ཚེས4ཉིན་ནས་བཟུང་མཐོ་འབྲིང་ནས་དངོས་གཞི་རིམ་པར་འཕར་བའི་སྐོར་ཐེངས་ཀྱི་སློབ་མ་བསྡུ་རྒྱུ་ཡིན་ཏེ། ཟླ12པའི་ཚེས8ཉིན་མཇུག་སྒྲིལ་རྩིས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། དར་མའི་མཐོ་རིམ་སློབ་གྲྭས་ཆེད་སྦྱོང་ནས་དངོས་གཞི་རིམ་པར་འཕར་བའི་སྐོར་ཐེངས་ཀྱི་ཡིག་སྦྲིངས་སློབ་ཁྲིད་རིགས་ལ་བསྡོམས་པས་སློབ་མ་གསར་བ6104བསྡུ་ལེན་བྱས། དེའི་ནང་ལྗོངས་ནང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་མ5365ཡོད་པ་དང་། རྒྱ་རིགས་དང་ལྗོངས་ཕྱི་རོལ་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་མ739བཅས་འདུས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།