ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་སྲིད་ཇུས་དབུལ་སྐྱོར་དང་། རྣམ་གྲངས་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་དང་། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཛུགས་པ་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་མི་གྲངས་བསྟུད་མར་ཇེ་ཉུང་དུ་འགྲོ་བཞིན་ཡོད་དེ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་པ་རེད།
གསར་འགོད་པས་ཚེས4ཉིན་ལྷ་ས་གྲོང་ཁྱེར་གྱི་དབུལ་སྐྱོར་བྱ་བའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ10བའི་ཟླ་མཇུག་བར་དུ། ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་དབུལ་སྐྱོར་གསར་སྤེལ་རྣམ་གྲངས93བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི14484བཏང་ཡོད། རྣམ་གྲངས་འདི་དག་ལག་བསྟར་བྱས་པ་ལས། ད་ལོར་གྲོང་ཁྱེར་ཡོངས་ཀྱི་མི་ཁྲི2.3དབུལ་ཕོངས་ལས་ཐར་རྩིས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།