མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2015ལོ་ནས་བཟུང་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-04 14:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7གྱི་ཁོར་ཡུག་མཁའ་དབུགས་རང་འགུལ་ངང་ལྟ་ཞིབ་ཚད་ལེན་བྱེད་པའི་ཡན་ལག་དྲ་བ་སོ་སོ་རྒྱལ་ཁབ་ཀྱི་ཁོར་ཡུག་ལྟ་ཞིབ་སྤྱི་ཁྱབ་དྲ་བ་དང་དྲ་སྦྲེལ་ཐུབ་པ་བྱུང་།

2015ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། སྤྱི་དམངས་གིས་ཁོར་ཡུག་སྲུང་སྐྱོང་པུའུ་ཡི་དྲ་ཚིགས་དང་། བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིན་གྱི་དྲ་ཚིགས། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་སོ་སོའི་སྲིད་གཞུང་དྲ་བར་བརྒྱུད་དེ། དུས་ཐོག་ཏུ་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར7གྱི་མཁའ་དབུགས་སྤུས་ཚད་སྐོར་གྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་འདྲི་རྟོག་བྱས་ཆོག

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག