མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཨེ་ཙེའི་ནད་ཀྱི་ཉིན་མོར་བོད་ལྗོངས་ཀྱིས་ཁྲོམ་གཞུང་དུ་ཨེ་ཙེའི་ནད་སྔོན་འགོག་གི་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-12-04 14:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས1ཉིན་ནི། བྱ་སྤྱོད་སྤེལ་ནས་ཨེ་ཙེའི་ནད་མེད་པ་བཟོ་དགོས་ཞེས་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་ཨེ་ཙེའི་ནད་ཀྱི་ཉིན་མོ་ཐེངས25པ་ཡིན་པ་དང་། རང་ལྗོངས་ཀྱི་འཕྲོད་བསྟེན་དང་སློབ་གསོ་སོགས་ལས་ཁུངས་དང་ཚན་པའི་ལས་དོན་པས་གཅིག་མཇུག་གཉིས་མཐུད་ངང་ཁྲོམ་གཞུང་དུ་སྐྱོད་དེ། ཨེ་ཙེའི་ནད་ཀྱི་ཤེས་བྱ་དང་སྔོན་འགོག་བྱ་ཐབས་དྲིལ་བསྒྲགས་ཧུར་ཐག་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཤིང་རྩ་བསྟན་འཛིན་ཆོས་གྲགས་དང་བདེ་སྐྱིད། ངག་དབང་བཅས་དྲིལ་བསྒྲགས་བྱེད་སྒོ་སྤེལ་སར་ཕེབས་ནས་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་མ་ཟད། རང་ལྗོངས་ཀྱི་ཨེ་ཙེའི་ནད་པ་དང་ཨེ་ཙེའི་ནད་སྔོན་འགོག་གི་འཐབ་ས་དང་པོའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

ལྷ་ས་གྲོང་ཁྱེར་སྦྲག་སྲིད་ཅུས་བརྒྱུད་ཀྱི་ཁྲོམ་གཞུང་དུ་བཙུགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་སར་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་དང་སློབ་གསོ་ཐིང༌། ཁྲིམས་འཛིན་ཐིང༌། ནད་ཡམས་ཞིབ་བཤེར་ཅུས་སོགས་ཚན་པའི་ལས་བྱེད་ལས་བཟོ་པ་དང་གཞོན་ནུ་སློབ་མའི་དང་བླངས་པས་ཨེ་ཙེའི་ནད་པར་གཅེས་སྐྱོང་བྱེད་པ་མཚོན་པའི་དར་སྐུད་དམར་པོ་བཏགས་ནས། མང་ཚོགས་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཨེ་ཙེའི་ནད་ཀྱི་ཤེས་བྱའི་དྲིལ་བསྒྲགས་དཔྱད་གཞི་སྤྲད་དེ། མི་དེ་བས་མང་བས་ཨེ་ཙེའི་ནད་དང་དེའི་སྔོན་འགོག་ཤེས་བྱ་ཤེས་རྟོགས་ཐུབ་པ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག