མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར204དངོས་འབེབས་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-04 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱ་བའི་ཡུལ་དངོས་ཚོགས་འདུ་ལྷོ་ཁ་ས་ཁུལ་ནས་བསྡུས། ཚོགས་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལ་ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་དང་། ཉམས་མྱོང་གཙོ་བོ་དང་སྔར་ཡོད་ཀྱི་གནད་དོན་བཅས་ལ་ཕྱོགས་བསྡོམས་བྱས་ཏེ། ཞིང་སྡེའི་གཞུང་ལམ་ཚན་རིག་དང་མཐུན་པར་འཕེལ་རྒྱས་བྱུང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལ། རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་གིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱ་བ་དེ་གཙོ་གནད་དུ་བཟུང་ནས། དམིགས་འབེན་གཏན་ཁེལ་དང་། འཆར་གཞི་བཟོ་བ། དངོས་འབེབས་ནན་ཏན་བྱེད་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞུང་ལམ་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱ་བར་གྲུབ་འབྲས་མངོན་གསལ་བླངས། མིག་སྔའི་བར་དུ། གཞུང་ལམ་འཛུགས་སྐྲུན་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར204.3དངོས་འབེབས་བྱས་ཤིང་། ཞིང་སྡེ(དགོན་སྡེ)གཞུང་ལམ་འཛུགས་སྐྲུན་རྣམ་གྲངས2789བཀོད་སྒྲིག་བྱས་ཏེ། ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི3.33གསར་བསྐྲུན་དང་བསྒྱུར་བཀོད་བྱས་པ་ལས། རོང་འབྲོག་མང་ཚོགས་ཁྲི111.3ལ་དངོས་ཕན་ཐོབ་པར་སྐུལ་འདེད་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག