མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ལྟེ་གནས8འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-04 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན་ནི་འཛམ་གླིང་དབང་བོ་སྐྱོན་ཅན་ཉིན་མོ་ཐེངས23པ་ཡིན་ཞིང་། གསར་འགོད་པས་བོད་ལྗོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ། དབང་བོ་སྐྱོན་ཅན་གྱི་སླར་གསོ་བྱ་བ་དང་། ལས་ཞུགས། གསོ་སྐྱོང་བྱ་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་དང་། དབང་བོ་སྐྱོན་ཅན་གྱིས་སྤྱི་ཚོགས་བཅོས་བསྒྱུར་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་པར་འགན་སྲུང་བྱས། 2014ལོར་བོད་ལྗོངས་ཀྱིས་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར1.02བརྩོན་ལེན་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ལྟེ་གནས8འཛུགས་སྐྲུན་བྱེད་རྒྱུ་རེད།

དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ལྟེ་གནས8ལ་དབང་བོ་སྐྱོན་ཅན་བདག་སྐྱོང་ཞབས་ཞུ་ལྟེ་གནས6དང་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས2བཅས་འདུས། མིག་སྔར། ལྷོ་ཁ་དང་། ནག་ཆུ། མངའ་རིས་བཅས་ས་ཁུལ3གྱི་དབང་བོ་སྐྱོན་ཅན་བདག་སྐྱོང་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག