འདི་ནི་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་གྲོང་མི་དཔལ་ཀོས་སྣམ་བུ་འཐག་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱིས་བོད་ལུགས་པང་ཁེབས། སྣམ་བུ་རྒྱུ་ཆར་བྱས་པའི་གནས་སྐོར་ཐོན་རྫས་གསར་སྤེལ་བྱེད་པའི་བྱ་བར་འབད་བརྩོན་བྱས་ཏེ། མང་ཚོགས་ཀྱི་ལོ་རེའི་ཡོང་སྒོ་འཕར་སྣོན་ཆེན་པོ་བྱུང་། མིག་སྔར། གྲོང་རྡལ་ཡོངས་ཀྱི་ཁྱིམ་ཚང600ལྷག་གིས་ཁང་བ་གསར་བ་ལས་བ་མ་ཟད། ཁྱིམ་ཚང་མི་ཉུང་བ་ཞིག་གིས་རླངས་འཁོར་ཡང་ཉོས་ཡོད། གནའ་དུས་ཀྱི་སྣམ་བུ་འཐག་པའི་བཟོ་རྩལ་ལ་བརྟེན་ནས་ལས་ལ་བརྩོན་པའི་ལྕེ་བདེ་ཞོལ་གྱི་མང་ཚོགས་རྣམས་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་བཞིན་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།