མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་སྔོན་མ་གསུམ་གྱི་རིང་བོད་ལྗོངས་ཀྱི་ཚོང་ར་རིགས་སོ་སོའི་ཚོང་གཉེར་ཁྱིམ་ཚང་ཁྲི14.52ལ་སླེབས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-01 11:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་བཟོ་ཚོང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་བཟོ་ཚོང་ཐོ་འགོད་ལམ་ལུགས་དེ་ད་ལོའི་ཟླ3པའི་ཚེས10ཉིན་ཡོངས་སུ་ལག་བསྟར་བྱེད་འགོ་ཚུགས་པའི་རིང་ལ། ཚོང་ར་སོ་སོའི་ཚོང་གཉེར་བྱེད་མཁན་བརྟན་རླིང་ངང་འཕར་སྣོན་བྱེད་བཞིན་ཡོད་དེ། ཚོང་གཉེར་མཁན་གྱི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའང་མངོན་གསལ་ཡིན། ཟླ9བའི་ཟླ་མཇུག་བར་དུ། བོད་ལྗོངས་ཀྱི་ཚོང་ར་རིགས་སོ་སོའི་ཚོང་གཉེར་ཁྱིམ་ཚང་ཁྲི14.52ལ་སླེབས་ཡོད་དེ། དུས་མཉམ་ལས10.92%འཕར་ཡོད། ཐོ་འགོད་མ་དངུལ་གྱི་སྤྱི་འབོར་སྒོར་དུང་ཕྱུར1600ལས་བརྒལ་ཡོད་ཅིང་། སྒོར་དུང་ཕྱུར1668.64ལ་སླེབས། 2013ལོའི་དུས་མཉམ་དང་བསྡུར་ན་མ་དངུལ་སྒོར་དུང་ཕྱུར469.30ཇེ་མང་དུ་སོང་ཡོད་དེ། དུས་མཉམ་ལས39.12%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག