ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་ལས་ཞུགས་དང་ཡང་བསྐྱར་ལས་ལ་ཞུགས་པའི་བྱ་བ་དེ“སྐུལ་སྤེལ་དྲུག་དང་སྐུལ་འདེད་དྲུག”གི་གསོ་སྦྱོང་རྣམ་གྲངས་གཙོ་གནད་དུ་བཟུང་སྟེ། ཧུར་ཐག་ངང་ཡར་རྒྱས་བརྩོན་ལེན་དང་། བརྟན་རླིང་ངང་སྐུལ་འདེད་བྱས་པ་བརྒྱུད། ས་ཁུལ་ཡོངས་ཀྱི་ལས་ཞུགས་དང་ཡང་བསྐྱར་ལས་ལ་ཞུགས་པའི་བྱ་བ་དུས་ཚད་ཀྱི་སྔོན་དུ་ལོ་འཁོར་དམིགས་འབེན་ལེགས་འགྲུབ་བྱུང་། ཟླ10བའི་ཟླ་མཇུག་བར་དུ། གྲོང་རྡལ་དུ་ལས་ཞུགས་མི་སྣ5700གསར་སྣོན་བྱས་ཤིང་། ལོ་འགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་གྱི108%ཟིན། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.09%ཡི་ནང་ཚོད་འཛིན་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།