མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་ད་ལོར་མ་དངུལ་སྒོར་དུང་ཕྱུར5.3བཏང་སྟེ་ཞིང་སྡེའི་གཞུང་ལམ56གསར་སྐྲུན་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-30 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར5.3བཏང་སྟེ་ཞིང་སྡེའི་གཞུང་ལམ56གསར་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞིང་། འཛུགས་སྐྲུན་ལམ་ཐག་སྤྱི་ལེ388.18ཟིན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ261ལ་གཞུང་ལམ་བཏང་ཡོད་པ་དང་། གཞུང་ལམ་གཏོང་ཚད80%ཡན་ཟིན།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་གཞུང་ལམ56གསར་དུ་འཛུགས་རྒྱུའི་ལས་གཞི་ཁྲོད། མིག་སྔར་རྣམ་གྲངས31ཡོངས་སུ་ལེགས་འགྲུབ་བྱུང་། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། 2002ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ཞིང་སྡེའི་གཞུང་ལམ་ཐད་བསྡོམས་པས་རྣམ་གྲངས300ཙམ་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར20ལས་བརྒལ་བ་བཏང་ཡོད་དེ། འཛུགས་སྐྲུན་ལམ་ཐག་སྤྱི་ལེ2000ལྷག་ཟིན། ཞིང་སྡེའི་གཞུང་ལམ་ཤར་གཏོང་བྱེད་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་ཟིན་ནས། རོང་འབྲོག་ཁུལ་འཕེལ་རྒྱས་བྱུང་བ་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་ཆེན་པོ་བཏང་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག