མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེས་རྒྱལ་གཅེས་ཆོས་གཅེས་ཀྱི་སྒྲོག་འགྲེལ་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-30 09:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པས་གཞིས་རྩེ་ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་སྤྱི་ཟླ10པ་ནས་བཟུང་གཞིས་རྩེ་ས་ཁུལ་གྱིས་སྐྱེས་ཆེན་དམ་པ་དང་ལས་དོན་པ་སྒྲིག་འཛུགས་ཀྱིས་སྒྲོག་འགྲེལ་ཚོགས་ཚུང་བཙུགས་ནས་རྫོང་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྒྲོག་འགྲེལ་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་བ་ནས་བཟུང་སྒྲོག་འགྲེལ་ཚོགས་ཆུང་གིས་སྤྱི་ལེ17800སར་སྐྱོད་དེ་གཞིས་རྩེ་གྲོང་ཁྱེར་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་སོགས་རྫོང12ཀྱི་མངའ་ཁོངས་དགོན་སྡེ་གཙོ་བོར་རྒྱལ་གཅེས་ཆོས་གཅེས་ཀྱི་སྒྲོག་འགྲེལ་ཞབས་ཞུའི་བྱེད་སྒོ་སྤེལ་རིང་སྒྲོག་འགྲེལ་ཐེངས33བྱས་པའི་ནང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས། ཞི་མཐུན་གྱི་དགོན་སྡེ་ཧུར་ཐག་གཏོད་པ། ཞི་མཐུན་གྱི་སྤྱི་ཚོགས་མཉམ་གཏོད་སོགས་ནང་དོན་གཙོ་བོར་བྱས་ཏེ། དགོན་སྡེ136གི་གྲྭ་བཙུན1965དང་དད་ལྡན་པ2300ལ་སྒྲོག་འགྲེལ་བྱས་པ་མ་ཟད། སྒྲོག་འགྲེལ་ཚོགས་ཆུང་གིས་གྲྭ་བཙུན་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་འཚམས་འདྲི་བྱས་ཏེ། འཚམས་འདྲིའི་དངུལ་སྒོར159950སྤྲད་པ་དང་། དཀའ་ངལ་ཡོད་པའི་བཙུན་མ་རྣམས་ལ་རས་ལྷམ་ཆ355ཉོས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག