མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ལ་ཁོར་ཡུག་སྲུང་སྐྱོང་གི་དཔེ་ལེགས་གྲོང་ཁྱེར་ཞེས་པའི་མཚན་སྙན་བསྩལ།

  ཡོང་ཁུངས། མི་དམངས་དྲ་བ།  2014-11-29 11:19

ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲོང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་དཔེ་ལེགས་གྲོང་ཁྱེར་གྱི་རྩིས་ལེན་ཞིབ་བཤེར་ཚོགས་ཆུང་ལྷ་སར་མངགས་གཏོང་བྱས་ནས། ལྷ་ས་གྲོང་ཁྱེར་གྱིས་ལོ་8རིང་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་དཔེ་ལེགས་གྲོང་ཁྱེར་སྔོན་གཏོད་བྱས་པའི་ལས་དོན་ལ་ཞིབ་བཤེར་རྩིས་ལེན་གནང་རྗེས། ཁོར་ཡུག་སྲུང་སྐྱོང་པུའུ་ཡིས་ལྷ་ས་གྲོང་ཁྱེར་ལ་ཁོར་ཡུག་སྲུང་སྐྱོང་གི་དཔེ་ལེགས་གྲོང་ཁྱེར་ཞེས་པའི་མཚན་སྙན་བསྩལ། །

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག