མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱི་མྱང་ཆུ་གཙང་པོའི་གྲོང་འདབས་ཤར་མའི་ཟམ་ཆེན་དངོས་སུ་ཤར་གཏོང་བྱས།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-29 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་གཞིས་རྩེ་ས་ཁུལ་གྱིས་གྲོང་ཁྱེར་ནང་འཛུལ་སའི་མྱང་ཆུ་གཙང་པོའི་གྲོང་འདབས་ཤར་མའི་ཟམ་ཆེན་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས། གཞིས་རྩེ་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་འགྲོ་རྒྱུ་དང་གྲོང་ཁྱེར་གོང་འཕེལ་གྱི་གཞི་ཁྱོན་ཆེ་རུ་འགྲོ་རྒྱུ། གྲོང་ཁྱེར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། མ་དངུལ་སྒོར་ཁྲི་ཚོ3166བཏང་བ་དང་ཐེགས་ཚད་གཞུང་ལམ་རིམ་པ་དང་པོ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུ་གཙང་པོའི་གྲོང་འདབས་ཤར་མའི་ཟམ་ཆེན་དེ2013ལོའི་ཟླ12པའི་ཚེས31ཉིན་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཀྱི་ཆོག་མཆན་ཐོབ་ནས་སྐྲུན་འགོ་ཚུགས་པ་རེད།

གཞིས་རྩེ་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཤཱཀྱ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། མྱང་ཆུ་གཙང་པོའི་གྲོང་འདབས་ཤར་མའི་ཟམ་ཆེན་སྐྲུན་སྐབས་སྤུས་ཚད་དང་བཟོ་བཀོད་གཉིས་ཀར་སྣང་ཆེན་དང་། གྲོང་ཁྱེར་གྱི་གཞུང་ལམ་དང་སྦྲེལ་མཐུད་བྱེད་རྒྱུར་སྣང་ཆེན། སྔོ་ལྗང་མཛེས་བཟོ་སོགས་ལ་སྣང་ཆེན་བཅས་བྱས་ཏེ་གྲོང་ཁྱེར་གྱི་རྣམ་པ་མཛེས་བཟོ་དང་ཟུང་དུ་འབྲེལ་ཐུབ་པ་བྱས་ཡོད་པ་རེད། ཟམ་ཆེན་དངོས་སུ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་སྐོར་གཞུང་ལམ་སྐྲུན་འགོ་ཚུགས་པའི་མཛད་སྒོ་ཡང་ཚོགས་པ་རེད།

གྲོང་སྐོར་གཞུང་ལམ་སྐྲུན་རྒྱུའི་ལས་གཞི་དེ་ནི། འགྲིམ་འགྲུལ་སྐྱེལ་འདྲེན་པུས2014ལོའི་ཟླ8པའི་ཚེས6ཉིན་འཛུགས་སྐྲུན་ཆོག་མཆན་སྤྲད་པ་དང་། མ་དངུལ་སྒོར་དུང་ཕྱུར3.7བཏང་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ30.8ཡོད་པའི་རིམ་པ་གཉིས་པའི་གཞུང་ལམ་ཚད་གཞི་ལྟར་སྐྲུན་རྒྱུའི་རྒྱལ་ལམ318ལམ་ཐིགས་ཀྱི་འཛུགས་སྐྲུན་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག