མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔེ་བཟང་གྲོང་ཁྱེར་གཏོད་པར་དཔྱད་ཞིབ་རྩིས་ལེན་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-29 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱིས་དུས་ཡུན་ལོ་བརྒྱད་རིང་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔེ་བཟང་གྲོང་ཁྱེར་གཏོད་པར་ཉིན་ཤས་གོང་ཁོར་ཡུག་སྲུང་སྐྱོབ་པུའི་དཔྱད་ཞིབ་རྩིས་ལེན་བྱུང་བ་རེད། ཁོར་ཡུག་སྲུང་སྐྱོབ་པུས་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་དཔེ་བཟང་གྲོང་ཁྱེར་དཔྱད་ཞིབ་རྩིས་ལེན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། སྤྱི་ཟླ11པའི་ཟླ་དཀྱིལ་དུ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔེ་བཟང་གྲོང་ཁྱེར་གཏོད་པའི་ལས་ཀར་དཔྱད་ཞིབ་རྩིས་ལེན་བྱས་པ་རེད།

 དཔྱད་ཞིབ་ཚོགས་ཆུང་གིས་ལག་རྩལ་དཔྱད་དཔོག་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དཔེ་བཟང་གྲོང་ཁྱེར་གྱི་དཔྱད་ཞིབ་དམིགས་ཚད་ལ་རིམ་པས་ཞིབ་དཔྱད་བྱེད་པ་དང་། གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཚུལ་ཐད་རྟོག་ཞིབ་བྱེད་པ། བཟོ་ལས་ཁེ་ལས་དང་བཟོ་ལས་སྡེ་གླིང༌། སྨན་ཁང་སོགས་ཚན་པ་ཁག་ཅིག་གི་འབག་བཙོག་འགོག་བཅོས་གནས་ཚུལ་ལ་ཟུར་འཐེན་ཞིབ་བཤེར་བྱེད་པ། ཁུལ་དང་གནས52ལ་ས་གནས་ས་ཐོག་གི་ཞིབ་བཤེར་བྱེད་པ་བཅས་བྱས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅུན་མིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། 2006 ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར106བཏང་ནས་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་ཟོག་རོ་ཐག་གཅོད་ལྟེ་གནས། གད་སྙིགས་སྦས་ས། བཙིར་སྣོན་རྣམ་པའི་གད་སྙིགས་བརྒྱུད་སྐྱེལ་ས་ཚུགས་བཅས་སྐྲུན་པ་དང་། ཆུ་འདྲེན་ལྕགས་མདོང་དྲ་བ་སྤྱི་ལེ60ཙམ་དང་ཆུ་བཤངས་ལྕགས་མདོང་དྲ་བ་སྤྱི་ལེ120ལྷག་འཁྲིད་པས་གྲོང་ཁྱེར་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག