ལས་དོན་མི་སྣས་རྒྱ་ཆེའི་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྷོ་ཁ་ས་ཁུལ་གྱིས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་གཟའ་འཁོར་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་དང་པོ་སྤེལ་བ་རེད། དྲིལ་བསྒྲགས་བྱེད་སྒོ་དེ་ནི་མཉམ་དུ་དྲ་རྒྱའི་བདེ་འཇགས་སྲུང་བ་དང་མཉམ་དུ་དྲ་རྒྱའི་ཤེས་དཔལ་མྱོང་རོལ་བྱེད་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད་པ་དང་། དངུལ་རྩ་དང་གློག་འཕྲིན། གློག་རྡུལ་སྲིད་དོན། གློག་རྡུལ་ཚོང་དོན་སོགས་ཀྱིས་གཙོ་བོ་བྱས་པའི་ཁྱབ་ཁོངས་དང་ལས་རིགས་ཀྱི་དྲ་རྒྱའི་བདེ་འཇགས་གནས་ཚུལ་ལ་དམིགས་ནས། ཁྲོམ་གཞུང་ཐོག་རྒྱ་ཆེའི་མང་ཚོགས་རྣམས་ལ་དྲ་རྒྱའི་དྲིལ་བསྒྲགས་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།