མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་ཉམས་ཞན་མི་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-29 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་ཆབ་མདོ་ས་ཁུལ་གྱིས་ཉམས་ཞན་མི་ཚོགས་ལ་མཉམ་རོགས་མཉམ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དུད་སྦྲེལ་གྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ཡོད་པ་རེད། སྤྱི་ཟླ10པའི་ཟླ་མཇུག་བར་ས་ཁུལ་དེའི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.2བཏང་ནས། དུད་སྦྲེལ་ཚན་པ་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང16000ལྷག་ལ་མཉམ་རོགས་མཉམ་སྐྱོར་བྱས་ཡོད་པ་དང༌། ཞིང་འབྲོག་མང་ཚོགས་དུད་ཚང32000ཙམ་ལ་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར3.3ཙམ་གྱི་ཁག་ཐེག་བྱེད་རོགས་བྱས་པ། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་སྦྱོང་བརྡར་ཐེངས502སྒྲིག་འཛུགས་བྱས་པས་སྦྱོང་བརྡར་ནང་ཞུགས་མཁན་མི་ཁྲི3ལྷག་ཟིན་ཡོད་པ། མ་དངུལ་སྒོར་ཁྲི་ཚོ600ལྷག་བཏང་ནས་དཔལ་འབྱོར་རྩ་འཛུགས་དང་ཁེ་ལས127གསར་སྣོན་བྱས་པས་དུད་ཚང2000ལྷག་ཕྱུག་འགྱུར་སྣེ་འཁྲིད་ཐུབ་པ་དང་། ཡོང་འབབ་སྒོར་ཁྲི་ཚོ6500ལྷག་འཕར་སྣོན་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག