མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ཚུན་དུ་སྙན་རོང་རྫོང་གིས་འབྲོག་དམངས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-28 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་ནག་ཆུ་ས་ཁུལ་སྙན་རོང་རྫོང་གིས་བྱ་ཐབས་སྣ་ཚོགས་བཟུང་ནས་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་ཡོད་པ་རེད། ད་བར་རྫོང་དེ་ཡོངས་ཀྱིས་འབྲོག་པ471ལ་གློག་ཆས་ཉམས་བཟོ། ཨར་ལས། མི་རིགས་ལག་ཤེས་བཟོ་ལས། ཁ་ལོ་བ་སོགས་ཀྱི་རྩལ་ནུས་སྦྱོར་བརྡར་སྤྲད་ཡོད་པ་རེད།

རྫོང་དེས་སྦྱོང་བརྡར་སྒྲིག་འཛུགས་དང་ལས་རིགས་ངོ་སྤྲོད། ལས་གནས་འོས་སྦྱོར། རང་ཉིད་ཀྱིས་ལས་ཀ་འཚོལ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བཟུང་བ་བརྒྱུད་བདེ་སྡོད་ལས་གཞི་འཛུགས་སྐྲུན་དང་འབྲོག་པའི་ལམ་སྐྲུན་རུ་ཁག་འཛུགས་པ། ལས་གཞི་འཛུགས་སྐྲུན་ཁག་ནང་ཞུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་འབྲོག་པའི་ལས་ཞུགས་སྤོ་བསྒྱུར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད། ད་བར་རྫོང་དེ་ཡོངས་ཀྱི་འབྲོག་པ247ལས་ཞུགས་སྤོ་བསྒྱུར་ཐུབ་པ་དང་ཡོང་འབབ་སྒོར་ཁྲི་ཚོ59ལྷག་ཟིན་ཡོད་པ་རེད། དེ་དང་དུས་མཚུངས་སྙན་རོང་རྫོང་གིས་ངལ་རྩོལ་བཅའ་ཁྲིམས་དང་གན་རྒྱའི་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ངལ་རྩོལ་མི་སྣས་ངལ་རྩོལ་འགན་སྲུང་གི་ཁྲིམས་ལུགས་ཁྲིམས་སྲོལ་ལ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག