མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ཀྱི་ཤ་ཚལ་དང་འོ་རྫས་ལས་གཞིར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-28 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་བོད་ལྗོངས་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཤ་ཚལ་དང་འོ་རྫས་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་པས་ཕན་འབྲས་རགས་ཙམ་ཐོབ་པར་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་དང་ཡིད་རངས་བྱེད་བཞིན་ཡོད་པ་རེད།

 ཤེས་རྟོགས་བྱས་པར་གཞིགས་ན། ས་ཆ་དེ་གའི་སྔོ་ཚལ་དང་འོ་མའི་ཐོན་རྫས་ཐོན་སྐྱེད་དང་མཁོ་འདོན་བྱེད་པའི་ནུས་པ་ཆེ་རུ་གཏོང་ཆེད། ད་ལོ་མངའ་རིས་ས་ཁུལ་གྱིས་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི6.671གཅིག་གྱུར་འཆར་འགོད་བྱས་པ་དང་ཚོང་འགུག་མ་འདྲེན་སྒོར་ཁྲི1500བྱས་ནས་སྒར་དང་རུ་ཐོག རྩྭ་མདའ། སྤུ་ཧྲེང་བཅས་ནུབ་རྒྱུད་རྫོང་བཞིའི་སྐྱེ་ཁམས་ཞིང་ལས་དཔེ་སྟོན་ཁུལ་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང༌། སྤུ་ཧྲེང་དང་སྒར། རུ་ཐོག་བཅས་ཀྱི་ཞིང་ལས་དཔེ་སྟོན་ཁུལ་དུ་དྲོད་ཁང349གསར་རྒྱག་བྱས་ཡོད་པས་ནུབ་རྒྱུད་རྫོང་བཞིའི་སྔོ་ཚལ་དྲོད་ཁང་གི་ལོ་རེའི་ཐོན་སྐྱེད་བྱེད་ཚད་ཀྲོན1115ཟིན་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་སྒར་རྫོང་དགུན་ས་ཤང་དུ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ2780ཟིན་པའི་ལྷས་ར་རྒྱབ་པ་དང་བཞོན་མ་མགོ་གྲངས500གསོ་ཚགས་བྱས་པ། འོ་རྫས་ཐོན་སྐྱེད་ལས་སྣོན་ཁང་བརྒྱབ་པ། རྒྱུན་མཐུད་ནས་དགུན་ས་ཤང་གི་མི་ཐབས་ལ་བརྟེན་ནས་རྩྭ་ར་འདེབས་གསོའི་གཞི་རྒྱ་ཆེ་རུ་བཏང་བ་བཅས་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག