མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱི་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་གི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-28 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་དབུས་ནུབ་ས་ཁུལ་གྱི་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་ཉུང་བའི་གནས་ཚུལ་ལེགས་བཅོས་བྱས་ཏེ། ཡིག་ཚགས་མཛོད་ཀྱི་གནོད་འཚེ་སྔོན་འགོག་ནུས་བར་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་ཡིག་ཚགས་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ཉེ་ལམ་མངའ་རིས་ས་ཁུལ་གྱིས་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཡོངས་སུ་ལེགས་འགྲུབ་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན། མངའ་རིས་ས་ཁུལ་གྱི་ཡིག་ཚགས་ཁང་གི་འཛུགས་སྐྲུན་བྱ་བར་བསྡོམས་པས་མ་དངུལ་སྒོར་ཁྲི350བརྩོན་ལེན་བྱས་ཤིང་། གཟབ་ནན་ངང་འབྲེལ་ཡོད་བླང་བྱའི་བསྟན་དོན་ལྟར། དུས་ཐོག་ཏུ་རྫོང་རིམ་པའི་ཡིག་ཚགས་ཁང་འཛུགས་སྐྲུན་འཆར་འགོད་བྱ་བ་སོ་སོ་ལག་བསྟར་བྱས་ཏེ། རྣམ་གྲངས་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།

མིག་སྔར། མངའ་རིས་ས་ཁུལ་གྱི་རྫོང7གྱི་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་གི་འཛུགས་སྐྲུན་རྣམ་གྲངས་ཁྲོད། རྫོང6གི་ཡིག་ཚགས་ཁང་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། རུ་ཐོག་རྫོང་གི་ཆེས་མཐའ་མཇུག་གི་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང་དེ་ད་ལོའི་ཟླ8པར་རྣམ་གྲངས་བཙུགས་ཏེ་ལས་འགོ་བརྩམས་ཡོད་དེ། སང་ལོའི་ཟླ10བར་ལས་གཞི་མཇུག་སྒྲིལ་ནས་བེད་སྤྱོད་བྱེད་རྩིས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག