མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཁྲོམ་གཞུང་དུ་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-27 11:08

ལས་དོན་པས་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱའི་དེབ་སྤྲོད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲེང་ཀོན་ཆུས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། བཅའ་ཁྲིམས་གྲོང་གསེབ་ཏུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་དོན་འཁྱོལ་ཏན་ཏིག་བྱ་ཆེད། ཁྲེང་ཀོན་ཆུས་ཁྲིམས་འཛིན་ཅུས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ཀྱི་བཅའ་ཁྲིམས་ཤེས་བྱ་དང་གྱོད་དཔེ་དབྱེ་ཞིབ། དེ་བཞིན་ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱ་སོགས་ཀྱི་དྲིལ་བསྒྲགས་དེབ་པར་འགྲེམས་བྱས་ཏེ། ཁྲེང་ཀོན་ཆུས་ཀྱི་ཤང་ཁག་དང་དེའི་ཁོངས་གཏོགས་ཀྱི་གྲོང་ཚོ་དང་ཚོགས་ཆུང་ཁག་གི་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་དང་འབྲེལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་བསྟུན་ནས། བཅའ་ཁྲིམས་དེབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་སྲོལ་ཡིག་ལ་འགྲེལ་བཤད་བརྒྱབ་ཡོད་པ་རེད།

 ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་དེས་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། ཞི་མཐུན་གྱི་ཁྲེང་ཀོན་ཆུས་བསྐྲུན་རྒྱུར་ལེགས་སྐྱེས་གང་ལེགས་ཕུལ་ཐུབ་ལ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་གོ་སྐབས་བཟང་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག