མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་དགེ་སློབ56པེ་ཅིན་དུ་ཀྲུང་གོའི་ཕུགས་འདུན་དང་ལང་ཚོའི་བྱ་སྤྱོད་ཅེས་པའི་བྱེད་སྒོར་ཞུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-27 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་སློབ་ཆེན་དྲུག་ནས་ཡོང་བའི་དགེ་སློབ56ཀྲུང་གོའི་ཕུགས་འདུན་དང་ལང་ཚོའི་བྱ་སྤྱོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལག་ལེན་བྱེད་སྒོ་པེ་ཅིན་དུ་ཡོངས་སུ་སྤེལ་བ་དང༌། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཆོག་མཆན་ཐོབ་སྟེ་བཙུགས་པའི་ལག་ལེན་དང་ཤེས་བྱའི་ཐེབས་རྩ་དངོས་སུ་འཁོར་རྒྱུགས་བྱེད་འགོ་ཚུགས་པ་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་དང་། བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱིས་མཉམ་འབྲེལ་ཐོག་བཙུགས་པའི་ལག་ལེན་དང་ཤེས་བྱའི་ཐེབས་རྩ་ཞེས་པ་བཙུགས་ཤིང་། ཀྲུང་གོ་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་ལོ་ལྔའི་ནང་ཁྱོན་མ་དངུལ་སྒོར་ཁྲི་ཚོ་བརྒྱ་གཏོང་རྒྱུའི་ཁས་ལེན་བྱས་ནས། ཆེད་དོན་རྣམ་གྲངས་དེ་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་སློབ་གསོའི་ལག་ལེན་བྱེད་སྒོ་དང་སྦྱོང་བརྡར་འཛིན་གྲྭ་སོགས་ཀྱི་བྱེད་སྒོར་བེད་སྤྱོད་གཏོང་རྒྱུ་རེད།

 ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིར་བོད་ལྗོངས་ཀྱི་སློབ་གྲྭ་ཆེན་མོ་བ་རྒྱལ་སར་ཡོང་ནས་པེ་ཅིན་སློབ་ཆེན་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་དཔལ་འབྱོར་རིག་པ། ལས་སྐྲུན་སོགས་ཀྱི་སྦྱོང་བརྡར་དང་ལེན་བྱེད་རྒྱུ་དང༌། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་རྒྱལ་ཁབ་ཀྱི་ལོ་རྒྱུས་འཕོ་འགྱུར་ཤེས་རྟོག་བྱས་ནས་ཁེ་ལས་མཁས་ཅན་དང་ལས་སྐྲུན་བྱེད་མཁན། པེ་ཅིན་དུ་ཡོད་པའི་གྲུབ་འབྲས་ཐོབ་མཁན་གྱི་བོད་རིགས་མི་སྣ་བཅས་དང་སྐད་ཆ་ཤོད་རེས་བྱེད་པའི་གོ་སྐབས་ཐོབ་རྒྱུ་ཡིན་པ་དང༌། འཇིག་བརྟེན་འཕུར་སྐྱོད་པའི་སྦྱོང་བརྡར་ལྟེ་གནས་སུ་ཚན་རྩལ་གྱི་སྟོབས་ཤུགས་ཉམས་ལེན་བྱས་ནས། དེང་རབས་ཀྱི་རླངས་འཁོར་སྒྲིག་སྦྱོར་འཁོར་ཁང་དུ་བཟོ་ལས་ཆེ་མོའི་དེང་རབས་ཀྱི་གསོན་ཤུགས་སོགས་མྱོང་ཚོར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག