མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-27 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་ནག་ཆུ་ས་ཁུལ་གྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ་རང་བྱུང་སྲུང་སྐྱོབ་ཁུལ་ལ་དོ་དམ་བྱེད་པའི་སྦྱོང་བརྡར་ནང་ཧུར་ཐག་ཞུགས་སུ་བཅུག་ནས། རྒྱུན་ཆད་མེད་པར་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་བ་དང་དུས་མཚུངས། སྐོར་སྐྱོད་ཞིབ་བཤེར་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་རེད།

ནག་ཆུ་ས་ཁུལ་གྱིས་རྒྱུན་ཆད་མེད་པར་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དོ་དམ་ཅུས་དང་དོ་དམ་ས་ཚིགས། དོ་དམ་བྱེད་གནས་བཅས་རིམ་པ་གསུམ་གྱི་དོ་དམ་བྱ་ཐབས་ལག་བསྟར་བྱས་པས་ཅུང་ཚད་ལྡན་གྱི་སྲུང་སྐྱོབ་དོ་དམ་མ་ལག་གཅིག་ཆགས་ཡོད། དེ་དང་དུས་མཚུངས་འདམ་ར་གནས་སའི་ཤང་གྲོང་རྡལ་དང་སྲུང་སྐྱོབ་ས་ཚིགས་སོགས་རིམ་པ་བསྟར་ཆགས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡི་གེར་མིང་རྟགས་བཀོད་དེ་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་སྲུང་སྐྱོབ་ཁུལ་ནང་དུས་ཚོད་གཏན་འཁེལ་དང་དུས་ཚོད་ངེས་མེད་ཐོག་སྐོར་སྐྱོད་སྲུང་སྐྱོབ་བྱས་ཡོད་པས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ལ་ཕན་འབྲས་ཡག་པོ་ཐོབ་ཡོད་པ་རེད།

ནགས་ལས་ཚན་པས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་བར་ནག་ཆུ་ས་ཁུལ་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཚོ299ཟིན་ཡོད་པའི་ནང་ཆུ་བོའི་འདམ་ར་དང༌། མཚེའུ་འདམ་ར། ན་ཁའི་འདམ་ར། མི་བཟོས་འདམ་ར་སོགས་རིགས་བཞིའི་འདམ་ར17ཚུད་ཡོད་པ་དེས་ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་གྱི45%ཟིན་ཡོད་པས། ནག་ཆུ་ས་ཁུལ་ནི་ལྗོངས་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན། ས་ཁུལ་དེ་ཡོངས་སུ་རྩ་ཆེའི་སྐྱེ་དངོས་སྣ་ཁ272དང་སྐམ་སའི་སྲོག་ཆགས་སྣ་ཁ110ཙམ། ཆུ་བྱའི་རིགས་ཀྱི་རི་སྐྱེས་སྲོག་ཆགས་སྣ་ཁ80ལྷག་བཅས་ཡོད་པས་ནག་ཆུ་ས་ཁུལ་ནི་གལ་ཆེའི་སྐྱེ་ཁམས་མཛེས་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་ས་ཁུལ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག