མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་བའི་ཆེད་ལས་ལག་རྩལ་མི་སྣར་གསོ་སྦྱོང་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-26 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པས་རྩ་འཛུགས་བྱས་པའི་བོད་ལྗོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་བའི་ཆེད་ལས་ལག་རྩལ་མི་སྣར་གསོ་སྦྱོང་བྱེད་པའི་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་པེ་ཅིན་ནས་བསྡུས། བོད་ལྗོངས་ནས་ཡོང་བའི་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་བའི་ཆེད་ལས་ལག་རྩལ་མི་སྣ30དུས་ཡུན་ཉིན7རིང་གི་གསོ་སྦྱོང་ཁྲོད་ཞུགས།

རྒྱུས་ལོན་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་མི་སྣ་རྩ་འཛུགས་བྱས་ཏེ་བོད་ལྗོངས་སུ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་། བོད་ལྗོངས་ཀྱི་མི་སྣ་ནང་ལོག་ས་ཁུལ་གསོ་སྦྱོང་བྱེད་དུ་འགྲོ་བའི་ཐབས་ལམ་སྣ་མང་བརྒྱུད་དེ། བོད་ལྗོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་འཕེལ་རྒྱས་དང་ཆེད་ལས་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱས་ཏེ། བོད་ལྗོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་དོན་ཡོངས་སུ་འཕེལ་རྒྱས་བྱུང་བར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།   །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག