མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་སྔོ་ཚལ་འདོན་སྤྲོད་ནུས་བ་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-24 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་སྟོན་དུས་དང་དགུན་དུས་ཀྱི་སྔོ་ཚལ་འདོན་སྤྲོད་བྱེད་ཚད་འདང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་མ་མཐུད་དུ་སྔོ་ཚལ་སྐོར་གྱི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། དགུན་དུས་ཀྱི་རང་ས་གནས་ཀྱི་སྔོ་ཚལ་ཚོང་ར་སྟེང་འདོན་སྤྲོད་བྱེད་ཚད་ཇེ་ཆེར་བཏང་ནས། “ཚོད་སླེ”ཐོན་རྫས་འདོན་སྤྲོད་བྱེད་པའི་འགན་སྲུང་ནུས་བ་ཇེ་མཐོར་གཏོང་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་སྔོ་ཚལ་འདེབས་འཛུགས་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། 2013ལོར་བོད་ལྗོངས་ཀྱིས་སྔོ་ཚལ་འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི38.17ལ་སླེབས་ཡོད་པ་དང་། ཐོད་ཚད་ཏུན་ཁྲི80ལ་སླེབས་ཡོད། 2015ལོར་སླེབས་དུས། བོད་ལྗོངས་ཀྱི་གྲོང་རྡལ་གཙོ་བོའི་སྔོ་ཚལ་ཐོན་རྫས་དབྱར་དུས་དང་སྟོན་དུས་སྐབས་སུ་རང་འདོན་བྱེད་ཚད90%ཡན་ལ་སླེབས་རྒྱུ་དང་། དགུན་དཔྱིད་སྐབས་སུ་སྔོ་ཚལ་རང་འདོན་བྱེད་ཚད65%ཡན་ལ་སླེབས་རྩིས་ཡོད་དེ། “ཚོད་སླེ”ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་མངོན་གསལ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག