མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་འཚོ་སྐྱོང་དང་དྭ་ཕྲུག་གསོ་ཉར་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-24 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན། བོད་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་གཅིག་བསྡུས་འཚོ་སྐྱོང་དང་དྭ་ཕྲུག་གཅིག་བསྡུས་གསོ་ཉར་རྣམ་གྲངས་ཀྱི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

 ཚོགས་འདུའི་ཐོག་ས་ཁུལ་ཁག་གི་འཛུགས་སྐྲུན་ཚན་པས་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒོ་ནན་པོ་སྲུང་བ་དང་། འགན་ལེན་ལྔའི་རྒན་རྒོན་གཅིག་བསྡུས་འཚོ་སྐྱོང་དང་དྭ་ཕྲུག་གཅིག་བསྡུས་གསོ་ཉར་བྱེད་མཁན་ཚན་པ་འཛུགས་སྐྲུན་དོ་དམ་ཡག་པོ་བྱེད་རྒྱུའི་སྐོར་གྱི་བསམ་འཆར་བསྡུ་ལེན་བྱེད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས། དུས་བཀག་ནང་ལས་འགན་ལེགས་སྒྲུབ་ཐུབ་པ་བྱས་ཏེ་ལོ་ཧྲིལ་པོའི་རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་རྒྱུར་རྨང་གཞི་འདིང་བ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ལོ2015ལོར་རྣམ་གྲངས་ཡོངས་རྫོགས་བསྐྲུན་ཟིན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག