མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁས་འབྲུ་རིགས་ཉར་ཚགས་སྐོར་ཀྱི་ཆེད་དོན་དམངས་འཚོའི་ལས་གྲྭ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-20 10:33

ལས་དོན་མི་སྣས་དུད་ཚང་ནང་འབྲུ་མཛོད་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ཞིང་དུད་མང་ཚོགས་ཀྱིས་འབྲུ་རིགས་ཉར་ཚགས་བྱེད་སྐབས་འཕྲོ་བརླག་དུ་མི་འགྲོ་བ་དང་། ཚན་རིག་དང་མཐུན་པའི་འབྲུ་རིགས་ཉར་ཚགས་བྱེད་ཐབས་ཁྱབ་སྤེལ་གཏོང་ཆེད། ལྷོ་ཁ་ས་ཁུལ་འབྲུ་རིགས་ཅུའུ་ཡིས་ཚན་རིག་དང་མཐུན་པའི་འབྲུ་རིགས་ཉར་ཚགས་ཀྱི་ཆེད་དོན་དམངས་འཚོའི་ལས་གྲྭ་ཞིག་སྒྲིག་འཛུགས་བྱས་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོར་རང་སྐྱོང་ལྗོངས་འབྲུ་རིགས་ཅུའི་ཡིས་དུད་ཚང་གཅིག་ལ་འབྲུ་མཛོད་གཅིག་གི་འཛུགས་སྐྲུན་འཆར་གཞི་ལག་བསྟར་བྱས་པ་དེས་ལྷོ་ཁའི་དུད་ཚང8000ལ་ཕན་པ་ཐོབ་ཡོད་པ་མ་ཟད། སྣེ་གདོང་དང་འཕྱོངས་རྒྱས་སོགས་རྫོང5དང་ཤང15དང་། སྲིད་འཛིན་གྲོང་ཚོ77ལ་ཡང་ཁྱབ་སྤེལ་བཏང་ཡོད་པ་རེད། ཚན་རིག་དང་མཐུན་པའི་འབྲུ་རིགས་ཉར་ཚགས་སྒྲིག་ཆས་སྒྲིག་སྦྱོར་བྱེད་སྐབས་དེའི་མ་གནས་སྒོར750ཡིན་པའི་ནང་ཐེམ་དུད་སོ་སོས་སྒོར262.5སྤྲོད་དགོས་པ་ཕུད་དེ་མ་དངུལ་གཞན་དག་སྲིད་གཞུང་གིས་ཁ་གསབ་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག