མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་བོད་ལྗོངས་ཀྱི་མི་རེའི་བཀོལ་ཆོག་པའི་ཡོང་སྒོ་སྒོར7249ལ་སླེབས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-18 10:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྤྱི་ཕྱོགས་ནས་བཤད་ན་ཅུང་ལེགས་ཤིང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྤྱི་འབོར་སྒོར་དུང་ཕྱུར845.15ལ་སླེབས་ཡོད་དེ། གཞུང་ཕྱོགས་ཀྱི་ནོར་སྲིད་ཡོང་སྒོ་སྒོར་དུང་ཕྱུར79.39ལ་སླེབས་པ་དང་། དངུལ་གཏོང་སྒོར་དུང་ཕྱུར786.27ལ་སླེབས་ཡོད། གསོག་དངུལ་དང་དངུལ་བུན་རིགས་སོ་སོའི་ལྷག་གྲངས་སོ་སོ་ནས་སྒོར་དུང་ཕྱུར3191.02དང་སྒོར་དུང་ཕྱུར1487.09བཅས་ལ་སླེབས་ཡོད།

ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་བོད་ལྗོངས་ཀྱི་མི་རེའི་བཀོལ་ཆོག་པའི་ཡོང་སྒོ་སྒོར7249ལ་སླེབས་ཡོད་ཅིང་། ལོ་སྔོན་མའི་དུས་མཉམ་ལས11.1%འཕར་ཡོད། ཟླ1པོ་ནས་ཟླ9བའི་བར་བོད་ལྗོངས་ཡོངས་ཀྱི་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་ཁྲོད་ཟས་རིགས་དང་། དུ་བ། ཆང་གི་ཕྱོགས་ལ་འགྲོ་སོང་གཏོང་ཚད་ཆེས་མང་ཞིང་། སྡོད་ཁང་ཕྱོགས་ཀྱི་འགྲོ་གྲོན་ཨང་གཉིས་པར་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག