མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་ཐད་ཀྱི་རོགས་སྐྱོར་བྱ་བར་ཤུགས་བསྣན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-18 10:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་རོགས་སྐྱོར་ཐེབས་རྩའི་དོ་དམ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་དུས་མཇུག་བར། བོད་ལྗོངས་ཀྱིས་བསྡོམས་པས་གཞུང་ལམ་འགྲིམ་འགྲུལ་ཐེབས་རྩ་སྒོར་ཁྲི1711གྲབས་གསོག་བྱས་ཤིང་། གྱོད་དོན20ལྷག་དང་ལེན་བྱས་ཏེ། མི40ལྷག་ལ་རོགས་སྐྱོར་བྱས་པ་མ་ཟད། སྤྲོད་དངུལ་སྒོར་ཁྲི90ལྷག་སྔ་འདོན་བྱས་པས། ད་ལྟ་མཛོད་ཉར་མ་དངུལ་སྒོར་ཁྲི1620ལྷག་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་རོགས་སྐྱོར་ཐེབས་རྩའི་དོ་དམ་གཞུང་སྒྲུབ་ཁང་གིས2010ལོ་ནས་བཟུང་ངེས་པར་དུ་སྤྲོད་དགོས་པའི་འགྲིམ་འགྲུལ་འགན་བཅོལ་དངུལ་གྱི2%གྲབས་གསོག་བྱས་ཏེ། འགྲིམ་འགྲུལ་འགན་བཅོལ་བྱེད་ཡུལ་གྱིས་དུས་ཚིགས་ལྟར་གཅིག་གྱུར་ངང་གཞུང་སྒྲུབ་ཁང་དུ་མ་དངུལ་སྤྲོད་བཞིན་ཡོད་ལ། མ་དངུལ་སྡུད་བའི་ལམ་ལུགས་འདི་ལག་བསྟར་བྱས་པའི་རིང་ལ། འགྲིམ་འགྲུལ་དོན་རྐྱེན་ཐད་ལ་རོགས་སྐྱོར་བྱེད་པའི་ཕན་ནུས་ཉིན་རེ་བཞིན་མངོན་གསལ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག