མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི300བཏང་སྟེ་སྡེ་དཔོན་གྱི་ཟླ་ཕོགས་ཇེ་མཐོར་བཏང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-18 10:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྡེ་དཔོན་གྱི་ཟླ་ཕོགས་དཔྱད་ཞིབ་གཟེངས་བསྟོད་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱས་ཏེ། ཚོད་རྩིས་ལྟར་ན་མ་དངུལ་སྒོར་ཁྲི300ལྷག་བཏང་སྟེ་སྡེ་དཔོན་གྱི་ཟླ་ཕོགས་ཇེ་མཐོར་གཏོང་རྒྱུ་རེད།

ཚོད་རྩིས་ལྟར་ན་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི321.86གཏོང་རྒྱུ་ཡིན་ཞིང་། དེའི་ནང་སྡེ་དཔོན་ལ་དཔྱད་ཞིབ་གཟེངས་བསྟོད་བྱེད་པའི་མ་དངུལ་སྒོར་ཁྲི180འདུས་པ་དང་། སྡེ་ཁུལ་གྱི་ལས་བྱེད་པའི་ཟླ་ཕོགས་ཇེ་མཐོར་གཏོང་བའི་མ་དངུལ་སྒོར་ཁྲི108.36འདུས། སྡེ་ཁུལ་གྱི་ལས་བྱེད་པར་གཟེངས་བསྟོད་བྱེད་པའི་མ་དངུལ་སྒོར་ཁྲི33.5བཅས་འདུས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག