མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་ལྷོ་ཁའི་འབྲུ་རིགས་ཐོན་འབབ་ཡག་པོ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-17 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ལྷོ་ཁ་ས་ཁུལ་གྱིས་བརྔ་བསྡུའི་ལས་དོན་བདེ་བླགས་ངང་སྤེལ་ཡོད་པ་དང་། ད་ལྟའི་བར་ས་ཁུལ་དེས་འབྲུ་དང་པད་ཁ་མུའུ་ཁྲི་ཚོ34.5བརྔ་བསྡུ་ཟིན་པ་དེས་བརྔ་བསྡུའི་སྤྱིའི་རྒྱ་ཁྱོན་གྱི94%ཡན་ཟིན་གྱི་ཡོད་པ་རེད། སྔོན་རྩིས་ལྟར་ན་འབྲུ་རིགས་ཐོན་འབབ་ཀྲོན་ཁྲི་ཚོ16ཙམ་ཟིན་རྒྱུ་དང་པད་ཁའི་ཐོན་འབབ་ཀྲོན་ཆིག་ཁྲི6000ཟིན་རྒྱུ་རེད། གཞན་ཡང་ས་ཁུལ་དེ་ཡོངས་སུ་ཕྱུགས་ཕྲུག་མགོ་གྲངས་ཁྲི་ཚོ63ལྷག་ཟིན་པའི་ནང་གསོན་ཚད་མགོ་གྲངས་ཁྲི་ཚོ59ལྷག་ཟིན་པ་དང་། ཕག་ཤ་དང་ར་ལུག་གི་ཤའི་ཐོན་འབབ་ཀྲོན1300ཙམ་ཟིན། འོ་མའི་ཐོན་རྫས་ཀྲོན་ཁྲི3ཟིན་པ་བཅས་བྱུང་ནས་ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་ལས་ལོ་བཅུ་གཅིག་བསྟུད་མར་ལོ་ལེགས་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ལྷོ་ཁ་ས་ཁུལ་གྱིས་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་ཚོ46.74འདེབས་འཛུགས་བྱས་ཡོད་པའི་ནང་འབྲུ་རིགས་མུའུ་ཁྲི་ཚོ32.9དང་། དཔལ་འབྱོར་ལོ་ཏོག་མུའུ་ཁྲི9.57། གཟན་རྩྭ་མུའུ་ཁྲི6.8བཅས་འདེབས་འཛུགས་བྱས་ཡོད་པ་དང་། ས་ཁུལ་དེ་ཡོངས་ཀྱི་གསོན་བཟང་འདེབས་གསོའི་རྟེན་གཞི་མུའུ་ཁྲི2.3ཙམ་ཟིན་པ་དང་། ལྷོ་ཁའི་དགུན་གྲོ་ཨང་བདུན་པ་དང་བོད་ནས་ཨང2000། ཧི་མ་ལ་ཨང22བཅས་གསོན་བཟང་གསར་པ་གསུམ་མུའུ་ཁྲི7འདེབས་འཛུགས་བྱས་པ། འཕྲུལ་བསློགས་བྱེད་ཚད་མུའུ་ཁྲི་ཚོ36ལྷག་ཟིན། འཕྲུལ་འདེབས་རྒྱ་ཁྱོན་མུའུ་ཁྲི་ཚོ26བཅས་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག