མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆུ་ཤུར་རྫོང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-17 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་གིས་གྲོང་གསེབ་གསར་པ་དང་དེང་རབས་ཞིང་ལས་འཛུགས་སྐྲུན་གྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་པོར་བཟུང་ནས། གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ནུས་པ་མཐོར་གཏོང་། ཞིང་འབྲོག་པའི་ཡོང་འབབ་མཐོར་གཏོང་བཅས་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

སྲོལ་རྒྱུན་གྱི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་བྱས་ཤིང་། ཤང་དེས་སྲོལ་རྒྱུན་གྱི་ཞིང་ལས་ཆགས་སྟངས་སྒྱུར་བཀོད་རིམ་སྤོར་བྱས་ཏེ། སྲོལ་རྒྱུན་གྱི་ཞིང་ལས་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་ལུགས་མཐུན་བྱས་ནས་བོད་ནས་ཨང2000དང་། བོད་ནས་ཨང320། ཧྲན་ཏུང་གྲོ་ཨང7སོགས་ཞིང་ནང་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་ཁྱབ་གདལ་འདེབས་འཛུགས་བྱས་པ་དང་འབྲེལ། གཟན་རྩྭ་དང་། པད་ཁ། མ་རྨོས་ལོ་ཏོག སྔོ་ཚལ་སོགས་ཀྱི་འདེབས་ཁྱོན་འོས་འཚམ་ཆེ་རུ་བཏང་ནས། འདེབས་འཛུགས་རྣམ་པ་དེ་བས་སྣ་མང་ཅན་དང་ལུགས་མཐུན་ཅན་དུ་གྱུར་ཡོད། གཞན་ཡང་ཚལ་སྣ་གྲོང་ཚོས་སྔོན་འགོག་ཚོད་འཛིན་གྱི་དཔེ་སྟོན་རྟེན་གཞི་མུའུ3000བསྐྲུན་ནས་ཞིང་ནང་གི་ནད་འབུར་དངོས་ཁམས་འགོག་བཅོས་བྱས་པ་རེད། ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་དེང་རབས་ཞིང་ལས་དཔེ་སྟོན་གླིང་འཛུགས་སྐྲུན་བྱས་ཤིང་། གླིང་དེའི་འཆར་འགོད་རྒྱ་ཁྱོན་མུའུ1160.5ཟིན་པའི་ནང་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་མུའུ460.5དང་རྒྱ་སྐྱེད་ཁུལ་གྱི་རྒྱ་ཁྱོན་མུའུ700ཟིན་པ་དང་གླིང་དུ་ད་ལྟ་དྲོད་ཁང་སྟར་པ80བསྐྲུན་པ་དེ་དག་ནང་གཙོ་བོ་རྒུན་འབྲུམ་དང་། ཤ་མོང་། ཁ་ཆེ་ཤ་སྐམ་བཅས་ཀྱི་ལྗང་གསོ་སོན་གསོ་དང་། འདེབས་འཛུགས། དེ་བཞིན་ས་མཐོའི་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་ཚོད་འདེབས་བྱེད་ཀྱི་ཡོད། ཟླ4པའི་ཟླ་འགོར་ཤང་དེས་དྲོད་ཁང་དབར་གྱི་ས་སྟོང་ཐོག་ཉིང་ཁྲི་ནས་ནང་འདྲེན་བྱས་པའི་གཡེར་མའི་སྡོང་རྐང300ཚོད་འདེབས་བྱས་པ་བརྒྱུད་ཚོད་འདེབས་ལེགས་གྲུབ་བྱུང་ནས། གཡེར་མའི་ལྡུམ་ར་ཆུང་གྲས་ཤིག་ཆགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག