མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་རབས་བཅོ་བརྒྱད་པའི་དཔེ་རྙིང་རྩ་ཆེན་ཞིག་ལག་སོན་བྱུང་ནས་བོད་ལྗོངས་སློབ་ཆེན་དུ་ཉར་ཚགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།  2014-11-17 10:46

བོད་ལྗོངས་སློབ་ཆེན་དུ་ཉར་ཚགས་བྱས་པའི《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ》།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན། བོད་ཀྱི་རིག་གནས་ལ་དགའ་མོས་ཆེ་བའི་སྤྱི་ཚོགས་ཀྱི་མི་སྣ་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་བོད་ལྗོངས་སློབ་ཆེན་ལ་རང་ཉིད་ཀྱིས་ཉར་པའི་དཔེ་རྙིང་རྩ་ཆེན་ཏེ《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ》ཡི་གླེགས་བམ་གསུམ་པ་བོད་ལྗོངས་སློབ་ཆེན་ལ་གནང་བ་རེད། གསལ་འབྱེད་གཏན་འབེབས་བྱས་པ་ལྟར་ན་བསྟན་བཅོས་དེར་གྲང་དངུལ་གྱིས་བྲིས་པ་དང་། བསྡོམས་པའི་ཤོག་ལེབ464ཡོད་ལ། དུས་རབས་བཅོ་བརྒྱད་པའི་དཔེ་རྙིང་ཞིག་ཡིན་པ་རེད།

བོད་ལྗོངས་སློབ་ཆེན་དུ་ཉར་ཚགས་བྱས་པའི《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ》།

རྒྱུས་ལོན་བྱུང་བ་ལྟར་ན་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས2013ལོར་བོད་ལྗོངས་སློབ་ཆེན་ལ་ཤོག་ལེབ366གིས་གྲུབ་པའི《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ》གླེགས་བམ་དྲུག་པའི་དཔེ་རྙིང་ཞིག་གནང་མྱོང་བ་རེད།

བོད་ལྗོངས་སློབ་ཆེན་དཔེ་རྙིང་ཞིབ་འཇུག་ཁང་གིས་དཔེ་རྙིང་ཉར་ཚགས་དང་ཞིབ་འཇུག་བྱེད་པའི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་ཅིང་། ཁོང་ཚོས་ཞིབ་འཇུག་པ་རྣམས་ལ་སྟབས་བདེ་བཟོ་ཆེད་དཔེ་རྙིང་གྲངས་འཛིན་ཅན་ཏུ་བསྒྱུར་བའི་ཚན་རྩལ་གྱི་ཐབས་ལ་བརྟེན་ནས་མི་དེ་ལས་མང་པོ་ཞིག་གིས་དཔེ་རྙིང་ཀློག་ཐུབ་ཏུ་འཇུག་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག