མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་ལ་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད90%ཡན་ཟིན་ཡོད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-16 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་ལ་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་། ད་ལྟ90%ཡན་གྱི་ཞིང་འབྲོག་དུད་ཚང་ལ་རླུང་འཕྲིན་དང་བརྙན་འཕྲིན་ཤར་གཏོང་ཐུབ་པ་བྱུང་ཡོད་པ་རེད།

 ཤེས་རྟོགས་བྱས་པར་གཞིགས་ན། རླུང་འཕྲིན་དང་བརྙན་འཕྲིན་དུད་ཚང་ཀུན་ལ་ཁྱབ་པ་བྱེད་རྒྱུ་དེས་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་མཁོ་འདོན་བྱེད་རྒྱུ་ཕུད། ཞིང་འབྲོག་མང་ཚོགས་ཀྱིས་ད་དུང་ཞིང་ལས་དང་འབྲེལ་བའི་གནམ་གཤིས་དང་ཞིང་ལས་ཚན་རྩལ། ཞིང་ལས་ཐོན་རྫས་ཀྱི་གོང་ཚད་འགྱུར་ལྡོག་སོགས་ཞབས་ཞུ་རིགས་ཀྱི་ཆ་འཕྲིན་ཤེས་རྟོགས་ཐུབ་པ་དང་། ཞིང་འབྲོག་མང་ཚོགས་ལ་ཐོན་སྐྱེད་བཀོད་སྒྲིག་དང་ཞིང་ལས་ཐོན་རྫས་ཉོ་ཚོང་བྱེད་རྒྱུར་ཆ་འཕྲིན་གྱི་འདེགས་སྐྱོར་བཟང་པོ་ཞིག་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད། ཉེ་བའི་ལོའི་ནང་དུད་ཚང་ཀུན་ཁྱབ་སོགས་རླུང་འཕྲིན་བརྙན་འཕྲིན་རིག་གནས་ཀྱི་དམངས་ཕན་ལས་གཞིའི་འཛུགས་སྐྲུན་བརྒྱུད། སྤྱི་ལོ2013ལོར་རང་ལྗོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར94.4%དང95.5%ཟིན་ནས། ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ལྟོས་བཅས་ཀྱིས་ཞན་པོ་ཡིན་པའི་གནས་ཚུལ་ལ་འགྱུར་བ་ཆེན་པོ་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག