མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་ལྷོད་མེད་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-16 10:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་ཚོ650དོན་འཁྱོལ་ཧུར་ཐག་བྱས་ཏེ་འདམ་གཞུང་དང་ཆུ་ཤུར། སྟག་རྩེ། མལ་གྲོ་གུང་དཀར་བཅས་རྫོང་གི་ས་ཚིགས65ལ་ས་མཚམས་འབྱེད་རྟགས་ཀྱི་ཕུར་པ་དང་རྡོ་རིང༌། མཚོན་རྟགས་བྱང་བུ། སྲུང་སྐྱོབ་ཁུལ་གྱི་ར་བསྐོར་བཅས་བཙུགས་པ་དང་། ཆུ་ཡུར་གསར་སྐྲུན་བྱེད་པ་དང་བསྒྱུར་བཟོ་བྱེད་པ། སྲུང་སྐྱོབ་ཁུལ་གྱི་སྔོ་ཁེབས་སོགས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་བྱས་ནས་ཆུ་འགོ་སྲུང་སྐྱོབ་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱས་པ་རེད།

 ད་ལྟ་ཆུ་འགོ51གི་སྲུང་སྐྱོབ་ལས་གཞི་ལེགས་སྒྲུབ་ཟིན་པ་དང་དེ་མིན་ཆུ་འགོ14སྲུང་སྐྱོབ་ལས་གཞི་ཛ་དྲག་ངང་ཨར་ལས་བྱེད་བཞིན་ཡོད་པ་དང་། ལས་གཞི་དེ་ལག་བསྟར་བྱེད་པ་བརྒྱུད་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་ལྟ་ཞིབ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་རྒྱུ་མ་ཟད། ད་དུང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྔར་བས་ལྷག་པ་འགན་སྲུང་ཐུབ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག