མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆུ་ཤུར་རྫོང་གི་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྐབས་བརྗེ་བའི་ལས་དོན་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-15 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་ལས་དོན་སྤེལ་འགོ་བཙུགས་ཚུན། ཆུ་ཤུར་རྫོང་གིས་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་ལས་དོན་ཁག་བཀོད་སྒྲིག་དང་ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ཏེ། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་བཏང་བ་དང༌། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལེགས་སྒྲུབ་བྱུང་ཡོད་པ་རེད།

 ཤེས་རྟོགས་བྱས་པར་གཞིགས་ན། ཆུ་ཤུར་རྫོང་གི་སྲིད་འཛིན་གྲོང་ཚོ17གྱི་སྐབས་བརྗེའི་འདེམས་བསྐོ་ཆ་ཚང་ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པོའི་སྒོ་ནས་ལེགས་སྒྲུབ་བྱུང་ཡོད་པ་དང༌། གཏན་འཁེལ་བྱས་པའི་འོས་སྒུག་མི་སྣ་ཚང་མར་ཆ་སྙོམས་པ་སེ་རགས་ཚད93%ཟིན་པའི་ཐོག་ནས་བདམ་ཐོན་བྱུང་ཡོད་པ་རེད། ད་རེས་ཀྱི་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེའི་ནང་རྫོང་དེས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་ཁོངས་མི124འདེམས་ཐོན་བྱུང་ཡོད་པའི་ནང་། ལོ40དང40མན་གྱི་ཚན་ཁག་གི་ཁོངས་མིས་ཚན་ཁག་གི་སྤྱི་འབོར་གྱི40.32%བཟུང་ཡོད་ཅིང་ཚན་ཁག་གསར་པ་དེ་གཞོན་ནུ་ཅན་དུ་གྱུར་ཡོད། དམའ་རིམ་སློབ་འབྲིང་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་ཚན་པའི་ཁོངས་མི52.4%ཟིན་པས་རིག་གནས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཕྱུག་འགྱུར་སྣེ་འཁྲིད་པ་དང་ཕུལ་བྱུང་གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་འབྲིང་ཐོན་པའི་སློབ་མ་སོགས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་ནང་བསྡུས་ཡོད་པས་གྲུབ་ཆ་དེ་བས་སྣ་མང་ཅན་དང་ལུགས་མཐུན་ཅན་དུ་འགྱུར་བ་བཅས་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག