མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོར་ཁ་ན་ཏ་རུ་སྤེལ་བའི་ཀྲུང་གོའི་བོད་ཀྱི་རིག་གནས་གཟའ་འཁོར་བྱེད་སྒོ་ཡོངས་སུ་ལེགས་གྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-15 11:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས11ཉིན་གྱི་ཕྱི་དྲོ། སྤྱི་ལོ2014ལོའི་ཁ་ན་ཏའི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་གྱི་བྱེད་སྒོར་ཕེབས་པའི་རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱུང་ནས་ལྷ་སར་ཚུར་ལོག་བྱས་པ་རེད།

 སྤྱི་ཚེས2ནས་ཚེས14ཉིན་བར་སྤྱི་ལོ2014ལོའི་ཁ་ན་ཏའི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་སྔ་རྗེས་སུ་ཁ་ན་ཏའི་དབུན་ཀེའེ་ཧྭ་དང་ཏོ་ལུན་ཏོ། ཨོ་ཐའེ་ཧྭ་བཅས་གྲོང་ཁྱེར་གསུམ་ལ་སྤེལ་བ་དང༌། ད་རེས་ཀྱི་རིག་གནས་གཟའ་འཁོར་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང༌། ཁ་ན་ཊར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང༌། དབུན་ཀེའེ་ཧྭ་དང་ཏོ་ལུན་ཏོར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད། བྱེད་སྒོའི་ནང་དོན་ཐད་ཡིད་དབང་འཕྲོག་པའི་བོད་ལྗོངས་ཞེས་པའི་གླུ་གར་འཁྲབ་སྟོན་དང༌། བོད་ལྗོངས་ཀྱི་གཟུགས་བརྙན་ཞེས་པའི་གློག་བརྙན་འགྲེམས་སྟོན། ས་མཐོའི་རིག་པ་ཀློང་རྡོལ་ཞེས་པའི་རི་མོ་དང་ཐང་ཁའི་འགྲེམས་སྟོན། བོད་ལྗོངས་དཔེ་ཀློག་ཅེས་པའི་དཔེ་དེབ་འགྲེམས་སྟོན། བོད་ལྗོངས་ཤེས་རྟོགས་ཅེས་པའི་བོད་རིག་པ་མཁས་ཅན་དང་བོད་ལུགས་གསོ་རིག་མཁས་ཅན། སྤྲུལ་སྐུ་བཅས་ཀྱི་སྤེལ་རེས་འཚམས་འདྲི་སོགས་ཚུད་ཡོད་པ་རེད།

རིག་གནས་གཟའ་འཁོར་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་འགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་བསྒྲོན་གནང་བ་དང་སྦྲགས། ས་ཆ་དེ་གའི་གཙོ་རྒྱུན་སྨྱན་སྦྱོར་ཚན་པ་དང་རྒྱ་ཡིག་གི་སྨྱན་སྦྱོར་ཚན་པ20ལྷག་ཙམ་གྱི་མཉམ་སྡེབ་བཅར་འདྲི་དང་ལེན་གནང་ནས་གྲངས་གཞི་དང་དཔེ་མཚོན་འབོར་ཆེན་ཐོག་ནས། ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། སྨན་བཅོས། རྨང་གཞིའི་སྒྲིག་བཀོད། རིག་གནས། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་དད་མོས་སོགས་ཕྱོགས་ཁག་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག