མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་ས་ནས་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-15 11:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྤྱི་ཚེས12ཉིན་ལྷ་སར་བསྐོངས་འཚོགས་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཧོའོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ས་ཁུལ་ཁག་གི་ཚན་པ་ཁག་གིས་རིམ་ཁག་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་གང་མགྱོགས་འཛུགས་པ་དང་། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ། སྲིད་གཞུང་གིས་ཁྲིམས་ལྟར་ལྟ་འདོམས་བྱེད་པ། ཁེ་ལས་ཀྱིས་ཁྱོན་ཡོངས་ནས་འགན་འཁུར་བ། ལས་བཟོ་པ་དེའི་ནང་ཧུར་ཐག་ཞུགས་པ། ལས་རིགས་ཀྱིས་རང་སྡོམ་ནན་པོ་བྱེད་པ། སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང༌། ད་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་དམ་འཛིན་ཧུར་ཐག་བྱེད་པ་དང་། ལྷག་པར་དུ་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དང་བྱེད་སྒོ་ཆེ་གྲས། དུས་སྟོན་གལ་ཆེན་གྱི་བདེ་འཇགས། མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས། གཏེར་རིའི་ཁྱབ་ཁོངས་ཀྱི་བདེ་འཇགས་སོགས་གཙོ་གནད་ལས་དོན་དམ་འཛིན་ནན་པོ་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག