མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱི་ནགས་སྐྲུན་ལྗང་སྒྱུར་གཞི་ཁྱོན་མུའུ་ཁྲི124ལ་སླེབས་ཡོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-14 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ནགས་ལས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་ད་ལོར་ནགས་སྐྲུན་ལྗང་སྒྱུར་གཞི་ཁྱོན་མུའུ་ཁྲི124ལེགས་འགྲུབ་བྱུང་ཞིང་། ལོ་སྔོན་མའི་དུས་མཉམ་ལས23%ཇེ་མང་དུ་བཏང་བ་དང་། ལོ་ཧྲིལ་བོའི་འཆར་གཞི་ཡི109.2%ཟིན་ནས། ནགས་སྐྲུན་འཆར་གཞི་ལས་འགན་ཚད་ལས་བརྒལ་ཏེ་ལེགས་འགྲུབ་བྱུང་བ་རེད།

བོད་ལྗོངས་ནགས་ལས་ཐིན་ནགས་བསྐྲུན་ལྗང་སྒྱུར་ཁྲུའུ་ཡི་ཁྲུའུ་ཀྲང་ཏུང་ཡུས་ཅོན་གྱིས་བཤད་རྒྱུར། ད་ལྟ་བོད་ལྗོངས་ཀྱི་ས་གནས་སོ་སོའི་ལྗང་སྒྱུར་གཞི་ཁྱོན་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ནི་ས་ཁུལ་དང་གྲོང་ཁྱེར་སོ་སོའི་ནགས་ལས་སྡེ་ཁག་གིས་མཐོང་ཆེན་གནང་བའི་འབྲས་བུ་ཡིན་པ་མ་ཟད། རོང་འབྲོག་པའི་ལྗང་སྒྱུར་འདུ་ཤེས་ཇེ་མཐོར་སོང་བ་ལའང་རག་ལས་ཡོད་ཟེར།

ཀྲང་ཏུང་ཡུས་ཅོན་གྱིས་ད་དུང་བཤད་རྒྱུར། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི“གཙང་གཉིས་ཆུ་བཞི”འབབ་རྒྱུད་ཀྱི་ནགས་སྐྲུན་ལྗང་སྒྱུར་བཟོ་སྐྲུན་དེ་གཞིས་རྩེ་ས་ཁུལ་གྱི་རྣམ་གླིང་རྫོང་ཨེ་མར་ཤང་ནས་དངོས་སུ་ལས་འགོ་བརྩམས་ཤིང་། བསྡོམས་པས་མ་དངུལ་སྒོར་ཁྲི5750བཏང་ཡོད་དེ། སྐྱེ་ཁམས་འགོག་སྲུང་ནགས་མུའུ་ཁྲི1.3འཛུགས་སྐྲུན་བྱས་ཤིང་། ད་ལྟ་ཐོག་མའི་གཞི་ཁྱོན་ལྡན་འདུག་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག